རྫས་ལུད་གསར་པ་བྲིན། སོན་བཟང་མང་དུ་སོང་། ཞིང་སྨན་ཉུང་དུ་བཏང་།
● “རྫས་ལུད་བྲིན་དུས་སུ་ཉིན་རེར་ཏུན་60ཙམ་བཙོང་ཐུབ་ཡོད།
● འཚོང་ཚད་མང་ཤོས་ཀྱི་ཉིན་ཞིག་ལ་རྫས་ལུད་དོ་པོ་1596བཙོངས་ནས་སྒོར་207480བྱུང་བ།
● ཟླ་3པ་ནས་4པའི་བར་སྔོན་དཔག་བྱས་ན་རྫས་ལུད་ཕྱིར་འཚོང་བསྡོམས་འབོར་ཏུན་3000ཙམ་ཟིན་རྒྱུ་དང་སྒོར་ཁྲི་1000ཙམ་ཡོང་བཟོ་ཡོད།
ཉིན་གུང་། ཅི་ལིན་ཞིང་ཆེན་སུང་ཡོན་གྲོང་ཁྱེར་ཉིང་ཅང་ཆུས་ཏ་ཝ་གྲོང་རྡལ་ཁྲའོ་དབྱང་གྲོང་ཚོའི་ལམ་འགྲམ་དུ། ཞིང་སྤྱོད་རྒྱུ་ཆ་ཚོང་ཁང་གཉེར་སྐྱོང་བ་ཝུའུ་སུའོ་ཅུས་ཀྱིས་སྔ་དྲོའི་ཞིང་སྤྱོད་རྒྱུ་ཆ་ཉོ་མཁན་མཇུག་ཤོས་སྒོ་ཁར་བསྐྱལ་ནས་རྩིས་ཐོ་བླངས་ཏེ་གཏོང་ཡོང་གནས་ཚུལ་རྩིས་བརྒྱབ་པ་རེད།
ཚོང་ཁང་གཉེར་ནས་ད་ཕན་ལོ་30ཙམ་སོང་བ་དང་། ཝུའུ་སུའོ་ཅུས་ཀྱི་ཞིང་སྤྱོད་རྒྱུ་ཆ་ཚོང་ཁང་གི་བྲིན་འཚོང་ཁྱབ་ཚད་ནི་མཐའ་འཁོར་གྱི་གྲོང་ཚོ་20ལྷག་ཙམ་དང་རྨོ་ཞིང་སྤྱི་ཆིང་2000ལྷག་ཙམ་ཟིན་ཡོད། ལོ་ལྟར་དཔྱིད་འདེབས་སྐབས་སྨི་ངོས་གྲུ་600ལྷག་ཙམ་ཡོད་པའི་མཛོད་ཁང་གཉིས་ཀྱི་ནང་རྫས་ལུད་དང་། ས་བོན། ཞིང་སྨན་སོགས་ཞིང་སྤྱོད་རྒྱུ་ཆ་སྣ་ཚོགས་ཀྱིས་ཁེངས་ཡོད།
ཚོང་ཁང་དུ་འཛུལ་བ་ན། རྫས་ལུད་དོ་པོ་རེ་རེ་གྱང་ངོས་སུ་བརྩིགས་ཡོད་ཅིང་། “རྫས་ལུད་བྲིན་དུས་སུ་ཉིན་རེར་ཏུན་60བཙོང་ཐུབ། འཚོང་ཚད་མང་ཤོས་ཀྱི་ཉིན་ཞིག་ལ་རྫས་ལུད་དོ་པོ1596བཙོངས་ནས་སྒོར་207480བྱུང་བ་རེད། ཟླ་3པ་ནས་ཟླ་4པའི་བར་ནི་ལོ་གཅིག་གི་བྲིན་ཚོང་མང་ཤོས་ཡིན་པས། སྔོན་དཔག་བྱས་ན་རྫས་ལུད་ཕྱིར་འཚོང་བསྡོམས་འབོར་ཏུན་3000ཙམ་ཟིན་རྒྱུ་དང་སྒོར་ཁྲི་1000ཙམ་ཡོང་བཟོ་ཡོད”ཅེས་ཝུའུ་སུའོ་ཅུས་ཀྱིས་རྩིས་ཐོ་སློག་བཞིན་བཤད།
“མིག་སྔར། བརྟན་པོའི་རང་བཞིན་གྱི་རྫས་ལུད་སོཌ་ཕན་འཕར་རྫས་ལུད་གསར་པ་ཕྱིར་འཚོང་གི་བཟུང་ཚད་བཅུ་ཆ་བརྒྱད་ཡན་ཟིན་པ་མ་ཟད། ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད”ཅེས་ཝུའུ་སུའོ་ཅུས་ཀྱིས་རྫས་ལུད་ཕྱིར་འཚོང་ཁྲོམ་རའི་འགྱུར་ལྡོག་གླེང་བ་རེད། ལོ་ཤས་གོང་། ཡུལ་དེ་གའི་ཞིང་པས་ཉོ་ཤོས་ལུད་རྫས་དཀྱུས་མ་ཡིན་པས། རྫས་ལུད་བེད་སྤྱོད་བྱེད་ཚད་དམའ་བ་དང་། ད་དུང་ལུད་སྦྱོར་ཁ་གསབ་བྱེད་དགོས་པས་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་ཆུ་ལུད་གཞི་གཅིག་ཅན་སོགས་ལག་རྩལ་གསར་པ་བེད་སྤྱོད་བྱས་པ་དང་བསྟུན། བརྟན་པོའི་རང་བཞིན་གྱི་རྫས་ལུད་ལ་ཞིང་པས་དགའ་པོ་བྱེད་ཀྱི་ཡོད། ཝུའུ་སུའོ་ཅུས་ཀྱིས“ལུད་རྫས་ཀྱི་ཕན་འབྲས་རིང་བ་དང་ལོ་ཧྲིལ་པོར་ལུད་ཐེངས་གཅིག་ཙམ་ལས་རྒྱག་གི་མེད། ད་དུང་ས་རྒྱུ་ལེགས་སུ་གཏོང་ཐུབ་པས། སྐྱེ་དངོས་ཕྲ་རབ་ལ་ཁོར་ཡུག་འཚམ་པོ་མཁོ་འདོན་བྱེད་པ་དང་ལྗང་མདོག་ཞིང་སྤྱོད་རྒྱུ་ཆས་ས་ནག་ཞིང་ས་སྲུང་སྐྱོང་སྔར་བས་ལེགས་པ་བྱེད་ཐུབ། བརྟན་པོའི་རང་བཞིན་གྱི་ལུད་རྫས་དོ་པོ་གཅིག་གི་རིན་གོང་སྒོར་130ཙམ་ཟིན་པ་དེ་སྲོལ་རྒྱུན་གྱི་ལུད་རྫས་ལས་སྒོར་10ཙམ་གྱིས་མཐོ་བ་ཡོད་ནའང་ལུད་སྦྱོར་གྱི་ཕན་འབྲས་དེ་བས་ལེགས་པོ་ཡོད་པས་མིག་སྔའི་ཚོང་ཟོག་ནང་འདྲེན་རིགས་གཙོ་བོ་དེ་ཡིན”ཞེས་བརྗོད།
མུའུ་རེར་རྫས་ལུད་སྤྱོད་ཚད་ཉུང་དུ་སོང་ན་ཚོང་ཁང་གི་ཚོང་ལས་ཞན་དུ་འགྲོ་སྲིད་དམ། གླེང་མོལ་བྱེད་སྐབས་སྒུལ་བྱེད་འཕྲུལ་འཁོར་གྱི་འུར་སྒྲ་ཐག་རིང་ནས་ཉེ་སར་གྲགས་ཡོང་། སྔ་དྲོར་གྲོང་ཚོ་ཁག་ལ་རྫས་ལུད་དབོར་མཁན་གྱི་ཟོག་འདྲེན་རླངས་འཁོར་ཕྱིར་ཚོང་ཁང་དུ་འབྱོར། “ང་ཚོའི་ཚོང་ཁང་གིས་གཙོ་བོར་ཕན་འཕར་རྫས་ལུད་གསར་པ་འཚོང་གི་ཡོད། སྤྱིའི་དགོས་མཁོ་ཡང་ཆེ་རུ་སོང་བས་ད་ཆ་ཚོང་ཧ་ཅང་ཡག་པོ་འདུག ལྷག་པར་དུ་མཁོ་མཁན་མང་པོ་དང་མངགས་ཐོ་ཆེན་པོ་མང་དུ་འགྲོ་བཞིན་འདུག ཞིང་ལས་ཀྱི་གཞི་ཁྱོན་འོས་འཚམ་གཉེར་སྐྱོང་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་མཉམ་ལས་ཁང་དང་མཉམ་འབྲེལ་ཁང་མི་ཉུང་བ་ཞིག་གིས་ཐེངས་གཅིག་ལ་རྫས་ལུད་རླངས་འཁོར་གཅིག་དང་ཐ་ན་རླངས་འཁོར་མང་པོ་མངག་ཉོ་བྱེད་ཀྱི་ཡོད”ཅེས་ཝུའུ་སུའོ་ཅུས་ཀྱིས་བཤད།
རྫས་ལུད་ཕྱིར་འཚོང་བརྟན་ཐོག་ཡར་འཕར་བྱུང་བའི་དུས་མཚུངས་ཝུའུ་སུའོ་ཅུས་ཀྱིས་སྔོན་དཔག་བྱས་ན་སྐྱེ་ལྡན་རྫས་ལུད་མང་ཤོས་སུ་ཏུན་60ཙམ་བཙོང་ཐུབ།
སྐྱེ་ལྡན་རྫས་ལུད་བྲིན་འཚོང་ཡག་པོ་མེད་པའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། སྲིད་གཞུང་གིས་ང་ཚོར་རྫས་ལུད་གསར་པ་གྲ་སྒྲིག་ཡག་པོ་བྱས་པས་ཡིན། ཉིང་ཅང་ཆུས་ཀྱིས་ས་ནག་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཆེད། 2024ལོའི་ཀྲུང་དབྱང་གི་རྨོ་ཞིང་འཛུགས་སྐྲུན་དང་བེད་སྤྱོད་མ་དངུལ་སྤྱད་དེ་ས་ནག་སྲུང་སྐྱོང་དང་བེད་སྤྱོད་ལག་རྩལ་གཅིག་སྡུད་དང་ཡུག་འབྲེལ་ངང་ཁྱབ་གདལ་བཏང་ནས་ཞིང་དུད་ལ་སྐྱེ་ལྡན་ལུད་རྫས་ཉོ་བ་དང་ལུད་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅེས་ཁྲའོ་དབྱང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཀྲི་གོ་ཡིས་ངོ་སྤྲོད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཅང་ཆུས་ཀྱི་རྨོ་ཞིང་ཁྱོན་མུའུ་ཁྲི་6.1ལ་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་ཡོད།
ས་བོན་གྱི་ཚོང་གང་འདྲ་འདུག་གམ། “ད་ལྟ་འཚོང་བྲིན་ཚད་ཉུང་དུ་ཕྱིན་འདུག སྔ་དྲོར་བཙོངས་པའི་དོ་པོ་10ཡང་ཟིན་མེད། འཚོང་ཚད་མང་བ་ཟླ་བ་འགའི་གོང་ལ་རེད”ས་བོན་ལ་ཞིང་པ་ཚོས་སྔར་བས་མཐོང་ཆེན་བྱེད་བཞིན་ཡོད་ཅེས་ཝུའུ་སུའོ་ཅུས་ཀྱིས་བཤད་ཅིང་། ན་ནིང་སྟོན་ཐོག་བསྡུ་སྐབས་ཁོང་གིས་སྣེ་ཁྲིད་དེ་འབྲུ་རིགས་ཐོན་འབབ་མཐོ་བའི་འགྲན་བསྡུར་ཞིག་བྱས་པ་དང་། མཐའ་འཁོར་གྱི་འདེབས་འཛུགས་དུད་ཚང་ཆེན་པོ་གདན་དྲངས་ཏེ་འགྲན་བསྡུར་ནང་ཞུགས་པ་དང་འགྲན་བསྡུར་ལ་ལྟ་བ། ས་ཡུལ་དངོས་སུ་ཐོན་འབབ་ལ་གདེང་འཇོག་དང་ཉིན་དེ་རང་ལ་མངགས་ཐོ་བཞག་ཡོད། ཐོན་འབབ་མཐོ་ཞིང་སྤུས་ཀ་ལེགས་པའི་ས་བོན་ཁག་གཅིག་ན་ནིང་སྟོན་ཀར་དོ་པོ་7000ལྷག་ཙམ་བཙོངས་པ་དེས་དཔྱིད་འདེབས་མ་བྱས་གོང་གི་ས་བོན་ཕྱིར་འཚོང་བསྡོམས་འབོར་གྱི་50%ཙམ་བཟུང་ཡོད།
ཕན་འཕར་རྫས་ལུད་གསར་པ་དང་སྤུས་ལེགས་ས་བོན་དང་བསྡུར་ན། ཚོང་ཁང་ནང་གི་ཞིང་སྨན་ལ་སྔ་དྲོ་ཧྲིལ་པོར་དོ་སྣང་བྱེད་མཁན་མེད། “ད་ལོའི་དཔྱིད་འདེབས་ཚུན་རྩྭ་སེལ་སྨན་རྫས་སོགས་ཞིང་སྨན་འཚོང་ཚད་དུས་མཚུངས་ལས་བཅུ་ཆ་གཉིས་ཆག་ཡོད”ད་ཆ་ཆུས་སུ་མི་མེད་གནམ་གྲུའི་འགོག་བཅོས་བྱེད་ཐབས་སོགས་ལག་རྩལ་ཞབས་ཞུར་བརྟེན་ནས་ཞིང་དུད་ལ་ཚན་རིག་དང་མཐུན་པ་དང་། ལུགས་མཐུན། འོས་འཚམ་བཅས་ཀྱི་སྒོ་ནས་ཞིང་སྨན་སྤྱོད་རྒྱུར་མཛུབ་ཁྲིད་བྱས་པས་སྤུས་ལེགས་ས་བོན་ལའང་ནད་འགོག་གནོད་འགོག་གི་ཁྱད་ཆོས་དེ་བས་ཆེ་བ་ལྡན་ཡོད་ཅེས་ཝུའུ་སུའོ་ཅུས་ཀྱིས་བརྗོད།
ཉིན་གུང་ཡོལ་རྗེས། ཞིང་སྤྱོད་རྒྱུ་ཆ་ཚོང་ཁང་སླར་ཡང་འཁྲུག་པོར་གྱུར། “རྫས་ལུད་དང་ས་བོན་ད་དུང་མུ་མཐུད་ཚུར་འདྲེན་དགོས་པ་དང་ལག་རྩལ་གསར་པར་ཡང་རྗེས་འདེད་ཤེས་རྟོགས་བྱེད་དགོས། ཞིང་ལས་དེང་རབས་ཅན་དུ་འགྱུར་བ་དང་བསྟུན་མ་འོངས་པར་འགྱུར་ལྡོག་གསར་པ་མང་པོ་ཡོད་ངེས་རེད། སྔོན་ལ་འཚམ་འཕྲོད་ཡོང་བར་བྱེད་དགོས”ཞེས་ཤོད་བཞིན་རྩིས་ཐོའི་ཁ་བརྒྱབ་རྗེས་ཝུའུ་སུའོ་ཅུས་ཡར་ལངས་ནས་འགྲུལ་པར་བསུ་བ་བྱས།