“ལྟེ་བའི་རིན་ཐང་ལྟ་བའི་སྐོར་གྱི་འཆད་སྟེགས་བརྒྱ”ཡི་བྱེད་སྒོ་ཐེངས་157པ་སྤེལ་བ།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱ”ཡི་བྱེད་སྒོ་ཐེངས་157པ་ཚེས་9ཉིན་ཧྲན་ཏུང་ཅི་ནན་དུ་སྤེལ་བ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དང་། མར་ཁེ་སི་རིང་ལུགས་སློབ་གླིང་གི་དེ་སྔའི་ཡོན་ཀྲང་། རིམ་པ་དང་པོའི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཀྲང་ཀྲན་པིན་གྱིས《ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་སྤེལ་བ་རེད།
ཀྲང་ཀྲན་པིན་གྱིས་དྲིལ་བསྒྲགས་བྱེད་སྐབས“རྒྱལ་གཅེས་བརྩེ་སེམས་དང་སྤྱི་ཚོགས་ཀྱི་འགན་འཁྲི”དང“ལས་བརྩོན་ལས་གཅེས་དང་ཡིད་རྟོན་ཁྲིམས་སྲུང”“གསར་གཏོད་སྙིང་སྟོབས་དང་ཕུལ་བྱུང་དོན་གཉེར”བཅས་ནི་ཁེ་ལས་མཁས་ཅན་སྙིང་སྟོབས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་རྒྱལ་ཁབ་དང་། སྤྱི་ཚོགས། མི་སྒེར་བཅས་ཀྱི་རིམ་ངོས་ནས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་འཚམ་མཐུན་ཡོང་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།