“ཀྲུང་གོའི་དགེ་རྒན”གྱི་ཞབས་ཞུའི་ལས་སྟེགས་ དངོས་སུ་སྤྱོད་འགོ་ཚུགས་པ།
ཉེ་ཆར་སློབ་གསོ་པུའུ་ཡིས“ཀྲུང་གོའི་དགེ་རྒན”གྱི་ཞབས་ཞུའི་ལས་སྟེགས་དང་སྒུལ་བདེའི་དུད་སྣེའི“ཀྲུང་གོའི་དགེ་རྒན”གྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་དངོས་སུ་སྤྱོད་འགོ་ཚུགས་ཏེ། རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་ལ་དགེ་རྒན་གྱི་སྲིད་ཇུས་ཆ་འཕྲིན་དང་། དགེ་རྒན་གྱི་གསོ་སྦྱོང་འདྲི་རྩད། དགེ་རྒན་ལ་ཕན་པའི་ཞབས་ཞུ། གློག་རྡུལ་ལས་ཀའི་ལག་ཁྱེར་སོགས་སྣ་མང་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་པ་དེ་ཐོག་ནས། རང་རྒྱལ་གྱི་དགེ་རྒན་གྱི་ཞབས་ཞུ་གྲངས་འཛིན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།
“ཀྲུང་གོའི་དགེ་རྒན”གྱི་ཞབས་ཞུའི་ལས་སྟེགས་ནི་རྒྱལ་ཁབ་ཀྱི་རིག་ལྡན་སློབ་གསོའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དགེ་རྒན་གྱིས་གློག་ཀླད་ཐོག་ནས་སྲིད་ཇུས་ཀྱི་ཆ་འཕྲིན་དང་། དགེ་རྒན་གྱི་གསོ་སྦྱོང་འདྲི་རྩད། དགེ་རྒན་ལ་ཕན་པའི་ཞབས་ཞུ་སོགས་རྨང་གཞིའི་ཞབས་འདེགས་ཞུ་བར་སྟབས་བདེ་སྐྲུན་རྒྱུ་རེད།