རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཟླ་16བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི་3.2ལས་བརྒལ་བ།
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་3པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32407ཟིན་ཏེ་ཟླ་2པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་134འཕར་བ་དང་འཕར་ཚད་0.42%ཡིན་པ་རེད། རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཟླ་16བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི་3.2ཡན་དུ་བརྟན་པོར་གནས་ཡོད་པ་རེད།
ཀྲུང་གོ་དམངས་འཚོ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཝུན་པིང་གིས་ཟླ་3པར་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་གཞི་ཆེའི་དཔལ་འབྱོར་གྱི་གྲངས་གཞི་དང་ནོར་སྲིད་ཀྱི་དངུལ་ལོར་སྲིད་ཇུས་དང་སྔོན་དཔག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པས། ཨ་སྒོར་གྱི་སྟོན་གྲངས་ཆག་ཡོད་པ་དང་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་ལ་འཕར་ཆག་གཉིས་ཀ་བྱུང་ཡོད་པ་རེད། དངུལ་ལོར་གྱི་འཛའ་ཐང་ཕབ་རྩིས་དང་རྒྱུ་ནོར་གྱི་རིན་གོང་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པའི་འོག་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཟླ་གོང་མའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་134མང་དུ་ཕྱིན་ཡོད་པ་རེད།