དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན།

    ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་ཐབས་ལེགས་སྒྲིག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-12

     ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ཟླ་4ཚེས་10ཉིན་གྱི་ཆུ་ཚོད་12དང་སྐར་མ་01ནས་བཟུང་།《ཨ་རི་ནས་ཐོན་སྐྱེད་བྱས་པའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》(ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས་2025ལོའི་སྤྱི་བསྒྲགས་ཨང་4པ)ནང་གཏན་འབེབས་བྱས་པའི་སྒོ་ཁྲལ་སྣོན་བསྡུའི་ཁྲལ་ཚད་ལེགས་སྒྲིག་བྱས་ཏེ་34%ནས་84%བར་མཐོ་རུ་གཏོང་རྒྱུ་ཡིན། དོན་ཚན་གཞན་དག་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་པའི་2025ལོའི་ཡིག་ཆ་ཨང་4པ་ལྟར་ལག་བསྟར་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད།

    སྤྱི་བསྒྲགས་ནང་2025ལོའི་ཟླ་4ཚེས་8ཉིན་ཨ་རི་སྲིད་གཞུང་གིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ“འདྲ་མཚུངས་ཀྱི་སྒོ་ཁྲལ་”བསྡུ་བའི་ཁྲལ་ཚད་དེ་34%ནས་84%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་འཛིན་པའི་སྒོ་ཁྲལ་རིམ་སྤོར་བྱེད་སྟངས་ནི་མུ་མཐུད་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་རེད། བྱ་སྤྱོད་འདིས་ཀྲུང་གོའི་ལུགས་མཐུན་ཁེ་དབང་ལ་བཙན་གནོད་ཚབས་ཆེན་བྱས་པ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་ཅེས་བརྗོད་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས་ཀྲུང་གོར་ཕྱོགས་རྐྱང་པའི་སྒོ་ཁྲལ་བསྡུ་བའི་བྱེད་ཐབས་རྩིས་མེད་དུ་གཏོང་དགོས་པ་མ་ཟད། ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འདྲ་མཉམ་ངང་སྐད་ཆ་ཤོད་རེས་བྱས་ནས་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས་པའི་སྐུལ་མ་གཏོང་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།