དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཨ་རི་ཕྱོགས་ནས་གནོན་ཤུགས་ཚད་མེད་སྤྲད་དེ་བཙན་པོ་ཧམ་ཤེད་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དང་ལེན་གཏན་ནས་བྱེད་མི་སྲིད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-04-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རི་སྲིད་གཞུང་གིས་ཨ་རིར་ཕྱིར་གཏོང་བྱེད་པའི་ཀྲུང་གོའི་ཚོང་ཟོག་ལ“འདྲ་མཚུངས་ཀྱི་སྒོ་ཁྲལ”བསྡུ་བའི་ཁྲལ་ཚད་34%ནས་84%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་དམིགས་ཏེ། ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་མི་དམངས་ཀྱི་ལུགས་མཐུན་འཕེལ་རྒྱས་དབང་ཆ་འཕྲོག་མི་རུང་བ་དང་ཀྲུང་གོའི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་མི་རུང་། ང་ཚོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ལིན་ཅན་གྱིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྒོ་ཁྲལ་གང་བྱུང་དུ་ལག་ལེན་བསྟར་ནས་གནོན་ཤུགས་ཚད་མེད་སྤྲད་ཡོད། བཙན་པོ་ཧམ་ཤེད་ཀྱི་བྱེད་སྤྱོད་དེ་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ལ་དང་ལེན་གཏན་ནས་བྱེད་མི་སྲིད། གལ་ཏེ་ཨ་རི་ཕྱོགས་ཀྱིས་དངོས་གནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ན་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་ལྟ་སྟངས་འཛིན་དགོས། གལ་ཏེ་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཏང་སྟེ། རྐང་བཙུགས་ནས་སྒོ་ཁྲལ་འཁྲུག་རྩོད་དང་ཚོང་དོན་འཁྲུག་རྩོད་བསླངས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ཁ་གཏད་འདྲ་འདྲ་གཅོག་ངེས་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།