དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཚོང་དོན་པུས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་འདུམ་སེལ་ལམ་སྲོལ་འོག་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་སྣོན་བསྡུ་བྱེད་ཐབས་གསར་ཤོས་ལ་ཞུ་གཏུག་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-04-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་4ཚེས་8ཉིན་ཨ་རི་ཕྱོགས་ཀྱིས་དེ་སྔའི“འདྲ་མཚུངས་སྒོ་ཁྲལ”གྱི་བྱ་ཐབས་ཀྱི་རྨང་གཞིའི་ཐོག ཀྲུང་གོའི་འབྲེལ་ཡོད་ཐོན་རྫས་ལ་སླར་ཡང་སྒོ་ཁྲལ་50%སྣོན་བསྡུ་བྱེད་པའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་འདུམ་སེལ་ལམ་སྲོལ་འོག་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་སྣོན་བསྡུ་བྱེད་ཐབས་གསར་ཤོས་ཞུ་གཏུག་བརྒྱབ་ཡོད་ཅེས་བརྗོད་པ་རེད།

    མགྲིན་ཚབ་པས། ཨ་རི་ཕྱོགས་ཀྱི་ཁྲལ་བསྡུ་བྱེད་ཐབས་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་ཚབས་ཆེན་འགལ་བ་དང་། ད་ཐེངས་སྒོ་ཁྲལ་50%སྣོན་བསྡུ་བྱས་པ་དེ་མུ་མཐུད་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་ཡིན་ཞིང་། དེ་ཐོག་ནས་ཨ་རི་ཕྱོགས་ཀྱི་བྱེད་ཐབས་ཀྱི་ཕྱོགས་རྐྱང་པའི་བཙན་ཤེད་ཀྱི་ངོ་བོ་གསལ་པོ་མངོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་གཞིར་བཟུང་། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།