མཚོ་སྔོན་གྱི་ས་མཐོའི་གྲང་བསིལ་སྔོ་ཚལ་གྱི་གནམ་གཤིས་ཚན་རིག་འགག་སྒྲོལ་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
ཟླ་4ཚེས་9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་4ཚེས་5ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གནམ་གཤིས་ཅུས་ཀྱིས་དུས་ཐེངས་དང་པོའི་སྨྱུག་རྩ་དམར་པོ་འདེབས་འཛུགས་ལེགས་སྒྲུབ་བྱས་པ་དེ་ཐོག་ནས་ས་མཐོའི་གྲང་བསིལ་སྔོ་ཚལ་གྱི་གནམ་གཤིས་གནོད་འཚེའི་ཚོད་ལྟ་དེ་འགག་རྩའི་ལག་བསྟར་དུས་མཚམས་སུ་སླེབས་པ་དང་། “ཚན་ཞིབ་དང་། ཞབས་ཞུ། བཀོལ་སྤྱོད”བཅས་ཟུང་དུ་འབྲེལ་བའི་གདུབ་ཟུམ་ཆགས་ནས། ས་ཁོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་གནམ་གཤིས་ཚན་རྩལ་གྱི་འདེགས་སྐྱོར་གནད་སྨིན་བྱས་པ་མཚོན་ཡོད།
ཚོད་ལྟ་དེ་ནི་མཚོ་སྔོན་ཞིང་ཆེན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གཙོ་གནད་ཚོད་ལྟ་ཁང་སྒོ་དབྱེ་ཐེབས་རྩའི་རྣམ་གྲངས་ལ་བརྟེན་ནས“མི་ཐབས་གནམ་གཤིས་ལད་ཟློས་དང་ཞིང་གླིང་ར་སྤྲོད”ཟུང་འབྲེལ་གྱི་ཐབས་གཉིས་ཀྱི་ཞིབ་འཇུག་བྱེད་སྟངས་སྤྱད་དེ། གནམ་གཤིས་འགྱུར་ལྡོག་འོག་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་གནོད་འཚེ་འགོག་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་ཚན་རིག་གི་འདེགས་སྐྱོར་བྱས་ཡོད། ཚོད་ལྟའི་གྲུབ་འབྲས་ཀྱིས“དཔྱིད་ཀ་སྔ་རུ་དང་སྟོན་ཁ་འགྱངས་སུ་བཏང་ནས”འདེབས་འཛུགས་བྱེད་ཐབས་ལེགས་སུ་གཏོང་བར་ཐད་ཀར་འདེགས་སྐྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གྲང་བསིལ་སྔོ་ཚལ་ཐོན་ལས་ཀྱི་ཕན་ནུས་ཆེ་རུ་གཏོང་བར་རམ་འདེགས་བྱ་རྒྱུ་རེད།