དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་སྣེར་དམ་པོར་དམིགས་ནས་རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-12

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་མཐའ་སྣེར་དམ་པོར་དམིགས་པ་དང་དུས་བདེའི་གཞིས་རྩེ་དང་ཁྲིམས་སྐྱོང་གཞིས་རྩེ་འཛུགས་སྐྲུན་ལ་དམིགས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་དུས་བདེ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་དང་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་དང་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གཞིས་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བདེའི་རྨང་གཞི་བརྟན་དུ་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་བ་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་བྱེད་པའི་འགན་ནུས་ཆེན་པོ་གཉིས་ལ་དམ་པོར་དམིགས་ནས། རྫོང(ཆུས)དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས《གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་ཤུགས་སྣོན་རྒྱག་པའི་ཞིབ་ཕྲའི་བྱེད་ཐབས》བཟོས་ཏེ། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་དང་། གནས་ཡུལ་གཏན་འཁེལ། བྱེད་ནུས་ཀྱི་ངེས་གནས། འགན་འཁྲི་དང་ལས་འགན། ལམ་སྲོལ་འཛུགས་སྐྱོང་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། “ལྟེ་གནས་མང་པོ་ཟླ་སྒྲིལ་གཏོང་བ་དང་ལྟེ་གནས་གཅིག་གང་སར་སྤྱོད་པའི”རྩ་དོན་གཞིར་བཟུང་། མི་འབོར་ཁྱབ་ཚུལ་དང་ལས་ཀའི་འབོར་ཚད་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རྫོང(ཆུས)ཁག་ལ་ཡུལ་བབ་དང་བསྟུན་པ་དང་དངོས་འཐབ་དངོས་སྤྱོད་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། འགྲིམ་འགྲུལ་བལྟོས་བཅས་ཀྱིས་སྟབས་བདེ་བ་དང་། མི་སྣ་གཅིག་སྡུད་ཆེ་བ། མང་ཚོགས་བྱ་བ་སྒྲུབ་བདེ་བ་བཅས་ཀྱི་ས་ཆ་བདམས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བསྐྲུན་ཡོད། མ་དངུལ་འཕྲོ་བརླག་མི་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་། 12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས། “གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས་སོགས་ད་ཡོད་ཀྱི་ས་ཆའམ་ཡང་ན་བེད་མེད་དུ་ལུས་པའི་ས་ཆ་བེད་སྤྱོད་གང་ཐུབ་བྱས་ནས་རྫོང(ཆུས)ཁག་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཡོད།

    མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་དང་། རྫོང(ཆུས)9 ཤང་དང་གྲོང་རྡལ(ཁྲོམ་གཞུང)206བཅས་སུ་གཞི་རྩའི་ཆར་ཚད་ལྡན་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བསྐྲུན་ཟིན་པ་དང་རྫོང(ཆུས)གཞན་དག་གིས་གཞུང་ལས་ཁང་རིམ་སྤོར་སྒྱུར་བཀོད་ལས་དོན་མཐུན་སྦྱོར་བྱེད་བཞིན་ཡོད་པ་རེད།

    དེ་དང་ཆབས་ཅིག་དྲ་མིག་པའི“ཁོངས་མི་བདུན”གྱི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ནས་གསོ་སྦྱོང་ཐེངས་6400ལྷག་ཙམ་བྱས་པས་མཉམ་འགོག་མཉམ་བཅོས་དཔུང་ཁག་གི་འགན་འཁྲི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་ཕྱིན་ཡོད། བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལུགས་སྦྱོང་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་དང་། འདུམ་གཅོད་ཨུ་ཡོན་ལྷན་ཁང་། ཉེས་དོན་མྱུར་གཅོད་ཁྲིམས་ཁང་བཅས་བཙུགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ཡོད།

    གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རྩལ་ནུས་སྐྱེད་ལ་བརྟེན་ནས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ་དང་། ལྗོངས་ཡོངས་སུ་ཉེན་རྟོག་པའི་ལས་དོན་དང་ཉེན་རྟོག་པའི་གནས་ཚུལ་མིན་པའི་ཁག་བགོས་མཉམ་སྦྲེལ་ཆ་འཕྲིན་ཅན་སྔོན་ལ་ལེགས་གྲུབ་བྱས་ནས་110ཉེན་གཏོང་ཞབས་ཞུའི་ལས་སྟེགས་དང་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཕན་ཚུན་འབྲེལ་མཐུད་བྱས་ཡོད།

    གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་སྔར་བས་བསྡུ་སྒྲིལ་བྱས་ནས་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་གཞིས་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།