དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུ་ཧྲེང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་བདེ་འཛུགས་སྐྲུན་གྱི་ཁོངས་མིའི་ཚན་པ་ཁག་སྒྲིག་འཛུགས་བྱས་ཏེ“མངའ་རིས་སུ་གཞི་ཚུགས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་གི་ནུས་པ་དང་། འགལ་ཟླ་དང་རྩོད་གཞི་གཅིག་འཐུས་རྣམ་པའི་འདུམ་འགྲིག་སོགས་ཀྱི་ནུས་པ་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“འགལ་ཟླ་གོང་ལ་རྩིས་མི་སྤྲོད་པ་དང་། དོན་རྐྱེན་མི་ཐོན་པ། ཞབས་འདེགས་རྒྱུན་དུ་ཞུ་བ”བཅས་ཀྱི་ལས་ཀའི་དམིགས་ཡུལ་ཤེས་རྟོགས་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ཁོངས་མིའི་ཚན་པ་ཁག་གིས་ད་དུང་འཕྲེད་ཡིག་འགེལ་བ་དང་། སྦྱར་ཡིག་སྦྱར་བ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། སྨན་བཅོས་ཞབས་ཞུའི་ས་ཚིགས་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ལ《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྲུན་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གཏུམ་སྤྱོད་ངོ་རྒོལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། བཅའ་ཁྲིམས་བརྩི་སྲུང་དང་། སྦྱོང་བ། ཤེས་པ། སྲུང་བ། སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།