མངའ་རིས་ས་ཁུལ་གྱིས་ཧྲེན་ཀྲེན་དུ་ཁྱད་ལྡན་ཐོན་ལས་ཀྱི་མ་འཇོག་འོས་སྦྱོར་ཚོགས་འདུ་འཚོགས་པ།
འདི་ནི་ཁེ་ལས་མཁས་པ་ཚོས་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཚགས་ཤའི་ཏིག་ཧྲུག་གི་བྲོ་བ་མྱོང་བཞིན་པ།
ཉེ་ཆར། མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་མ་འཇོག་འོས་སྦྱོར་ཚོགས་འདུ་ཧྲེན་ཀྲེན་དུ་བདེ་བླག་ངང་འཚོགས་པ་རེད།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ཚོགས་ཡུལ་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མ་འཇོག་པ་དང་ཁེ་ལས་ཀྱི་འཐུས་མི་150ལྷག་ཙམ་མཉམ་འཛོམས་བྱས་ཏེ་མཉམ་ལས་ཀྱི་གོ་སྐབས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། ད་ཐེངས་ཀྱི་འདུ་ཚོགས་ནང་ཡོངས་སྤྱོད་མཁའ་འགྲུལ་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་ཀྱི་ལེགས་ལྡན་ཐོན་ལས་ལ་གཅིག་སྡུད་བྱས་པ་དེའི་དམིགས་ཡུལ་ནི་ཐོན་ལས་སྦྲེལ་ཐག་སྔར་བས་སྣུར་སྲིང་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྔོག་འདོན་བྱ་ཆེད་རེད།
འོས་སྦྱོར་ཚོགས་འདུའི་ཐོག མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་ཞུགས་སྐུ་མགྲོན་ཚོར་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་དགུའི་མངོན་གསལ་དོད་པའི་ལེགས་ཆ་དང་དེ་བཞིན་མ་འཇོག་གི་སྲིད་ཇུས་གསར་ཤོས་ངོ་སྤྲོད་བྱས་པ་དང་། 《མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་འབའ་ཞིག་གི་སྲིད་ཇུས་ཕྱོགས་བསྒྲིགས》ལ་དམིགས་ནས་གསལ་འགྲེལ་བྱས་ཡོད།