དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོ་པེ་ཅིང་གིས་རྐང་པ་ཚུགས་བཞིན་པའི་ཁེ་ལས་60ལྷག་ཙམ་ཞུང་ཨན་དུ་གཞིས་ཆགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-04-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་པེ་ཅིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། པེ་ཅིང་གྲོང་ཨུད་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུའི་ཐོག 《2025ལོའི་རྒྱལ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བའི་བྱ་སྤྱོད་ཇུས་གཞིའི་གཙོ་གནད་ལས་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། བྱེད་ཐབས་27བཏོན་པ་དང་འབྲེལ་གཙོ་གནད་ལས་འགན་157ཞིབ་ཕྲ་བཟོས་ཡོད། དེའི་ནང་འདི་ལོ་རྐང་པ་ཚུགས་བཞིན་པའི་ཁེ་ལས་60ལྷག་ཙམ་ཞུང་ཨན་ཁུལ་གསར་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་དུ་གཞིས་ཆགས་རྒྱུ་ཡིན་པ་བཏོན་ཡོད།

    ཐོན་ལས་སྐྱེ་ཁམས་ནི་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་ཡིན། གཙོ་གནད་ལས་དོན་ནང་ཐོན་ལས་ཚོ་འདུས་ཚང་མར་དམིགས་ནས་ཞིབ་ཕྲའི་བྱ་ཐབས་བཏོན་པ་དཔེར་ན། རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཚན་རྩལ་སྐྱེ་ཁམས་གྲུ་ཁར་ལྷུ་ལག་གི་མགོ་གནས་ཁེ་ལས་5གཞིས་ཆགས་པར་སྐུལ་འདེད་གཏོང་བ་སོགས་རེད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཁག་གཅིག་ཞུང་ཨན་ཁུལ་གསར་དུ་སྐྱེད་སྲིང་དང་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་རྐང་པ་ཚུགས་བཞིན་པའི་ཁེ་ལས་60ལྷག་ཙམ་ཞུང་ཨན་ཁུལ་གསར་ཀྲུང་ཀོན་གྲོང་ཚོའི་ཚན་རྩལ་གླིང་དུ་གཞིས་ཆགས་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།