དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ལ་ཞུགས་ཚད་97%ཡན་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-10

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཀོང་ཤིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ལ་ཞུགས་ཚད་97%ཡན་རྒྱུན་འཁྱོངས་བརྟན་པོ་ཐུབ་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ནང་གི་རྩིས་ཞུའི་བསྡུར་ཚད་70%ཡས་མས་ཟིན་ནས། མི་དམངས་མང་ཚོགས་ཀྱི་སྨན་བཅོས་བྱེད་པ་དང་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་ནུས་ལྡན་བཏང་བ་དང་། སྨན་བཅོས་དང་། སྨན་བཅོལ་འགན་སྲུང་། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་མ་ནུས་ལྡན་ཐེབས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། པར་འགྲེམས་བྱས་པའི《ཀོང་ཤིས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལག་བསྟར་བྱེད་ཐབས》ནང་འགན་བཅོལ་ལ་ཞུགས་པའི་གྲོན་དངུལ་དང་། ཐེབས་རྩ་དོ་དམ། ཐོབ་ཐང་འགན་ལེན། སྨན་བཅོས་ཞབས་ཞུ་སོགས་ཀྱི་ནང་དོན་ཚུད་ཡོད་ལ། མིག་སྔའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་དུས་བབ་གསར་པ་དང་བླང་བྱ་གསར་པར་དེ་བས་མཐུན་པ་སྟེ། དཔེར་ན། སྔར་ཡོད་ཀྱི་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་ཀྱི་ཉིན་གཅིག་གི་གཏོང་སྤྲོད་བཅད་གྲངས་མེད་པ་བཟོས་ཏེ། འཕྲལ་བཅོས་མྱུར་སྐྱོབ་དང་སྨན་ཁང་དུ་མ་བསྡད་གོང་གི་མྱུར་སྐྱོབ་ཀྱི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཡུན་རིང་འཇལ་བ་དང་མང་པོ་ཐོབ་པའི”བྱེད་ཐབས་ལ་བརྟེན་ནས་མང་ཚོགས་མུ་མཐུད་འགན་བཅོལ་ལ་ཞུགས་པར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ལ“སྨན་བཅོས་བྱེད་ཐུབ་པ”མ་ཟད“སྨན་བཅོས་ཡག་པོ་བྱེད་ཐུབ་པ”བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།