དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་བྱེད་ཐབས་ཉི་ཤུ་ཁྱབ་བསྒྲགས་བྱས་ནས་ཚན་རྩལ་དངུལ་རྩའི་ལེའུ་ཡག་པོ་བརྩམ་རྒྱུ་ཡིན་པ།

    དངུལ་རྩའི་སྒྲིག་གཞིས་ཚན་རྩལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-10

    གསར་འགོད་པར་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། ཚན་རྩལ་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་སྡེ་ཚན་གསུམ་གྱིས་མཉམ་དུ《དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་ཚན་རྩལ་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་ཤིང་། ཚན་རྩལ་དངུལ་རྩའི་ཞབས་ཞུའི་ལམ་སྲོལ་དང་། ཐོན་རྫས་མ་ལག ཆེད་ལས་ནུས་པ། ཉེན་ཁ་ཚོད་འཛིན་གྱི་ནུས་པ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནས་འགོ་བཙུགས་ཏེ། ཕྱོགས་7ནས་བྱེད་ཐབས་ཁག་20བཏོན་ཏེ་དངུལ་རྩའི་སྒྲིག་གཞིར་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་དངུལ་རྩའི་ཞབས་ཞུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་དངུལ་རྩའི་ལེའུ་ཡག་པོ་རྩོམ་རྒྱུར་ཁྲིད་སྟོན་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱེད་རྒྱུ་ཡིན་པ་རེད།

    ལག་བསྟར་ཇུས་གཞིའི་ནང་ཚན་རྩལ་དངུལ་རྩའི་ཞབས་ཞུའི་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཞི་བཏོན་ཡོད་པ་སྟེ། གཅིག་ནས་སྒྲིག་གཞིའི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དངུལ་རྩའི་སྒྲིག་གཞིར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རྩལ་དངུལ་རྩའི་ཞབས་ཞུའི་ནང་ཁུལ་གྱི་དོ་དམ་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་དངུལ་རྩའི་ཆེད་ལས་སམ་ཁྱད་ལྡན་ཉིང་ལག་སྒྲིག་གཞིར་དབང་ཆ་འོས་འཚམ་སྤྲོད་རྒྱུའི་སྐུལ་མ་གཏོང་དགོས་པ་དང་། གཉིས་ནས་ནང་ཁུལ་གྱི་དཔྱད་ཞིབ་དང་ལྕག་སྐུལ་འཆུན་འདོམས་ལམ་སྲོལ་ལེགས་སུ་གཏོང་དགོས་ཤིང་། དཔེར་ན་ཚན་རྩལ་དངུལ་རྩའི་འབྲེལ་ཡོད་དམིགས་ཚད་ཀྱིས་ནང་ཁུལ་གྱི་ལས་རྗེས་དཔྱད་ཞིབ་ཁྲོད་བཟུང་བའི་བསྡུར་ཚད་མཐོ་རུ་འོས་འཚམ་གཏོང་བ་སོགས། གསུམ་ནས་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དངུལ་རྩའི་ཞབས་འདེགས་ཡག་པོ་ཞུ་དགོས་ཤིང་། དེའི་ནང་དངུལ་རྩའི་སྒྲིག་གཞིར་རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་དགོས་པ་སོགས་ཚུད་ཡོད། བཞི་ནས་ཚན་རྩལ་དངུལ་རྩའི་ཞབས་ཞུའི་སྐྱེ་ཁམས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། རིམ་ཁག་སྲིད་གཞུང་དང་། ཚན་རྩལ་རྣམ་པའི་ཁེ་ལས། དངུལ་རྩའི་སྒྲིག་གཞི། ལས་གཏོད་མ་འཇོག་ཐེབས་རྩ། ཕྱོགས་གསུམ་པའི་མཚམས་སྦྱོར་ཞབས་ཞུའི་སྒྲིག་གཞི་སོགས་ཀྱིས་རིམ་པ་མང་བའི་ཚན་རྩལ་དངུལ་རྩའི་ཞབས་ཞུའི་སྐྱེ་ཁམས་མ་ལག་ཐུན་མོང་ཐོག་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པ་བཅས་རེད།

    དེ་དང་ཆབས་ཅིག་ལག་བསྟར་ཇུས་གཞིའི་ནང་། དངུལ་རྩའི་སྒྲིག་གཞིར་ཚན་རྩལ་དངུལ་རྩའི་ཐོན་རྫས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཞིང་། དེའི་ནང་ཚན་རྩལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་འགན་བཅོལ་འགན་སྲུང་ཞབས་ཞུ་ལེགས་སུ་གཏོང་བ། ཚན་རྩལ་དངུལ་རྩའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་གཏོད་མ་འཇོག་སོགས་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཚུད་ཡོད། ལག་བསྟར་ཇུས་གཞིའི་ནང་ཚན་རྩལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། དངུལ་བུན་གྱི་སྐྱེད་ཚད་བཅད་གོང་དང་སྐྱེད་ཀ་འཇལ་སྟངས་སྟབས་བསྟུན་ངང་འཛུགས་པ་དང་། དངུལ་སྨར་ཕྱིར་བསྡུའི་དུས་ཡུན་ཅུང་རིང་བའི་རྒྱུན་སྐོར་མ་དངུལ་གྱི་དངུལ་བུན་གཉེར་མཁན་རིགས་ལ་དངུལ་ཁང་ནས་དངུལ་བུན་གཏོང་བའི་དུས་ཡུན་རིང་དུ་འོས་འཚམ་གཏོང་ཆོག་ཅིང་། དུས་ཚོད་རིང་ཤོས་ལོ་5གཏོང་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།