ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་དམངས་སྲིད་ཞབས་ཞུའི་ས་ཚིགས་239བསྐྲུན་པ།
ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་བོད་ཀྱིས་ཕན་བདེའི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དང་ཁ་གཏད་བོད་སྐྱོར་མ་དངུལ་སྤྱད་དེ་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་དམངས་སྲིད་ཞབས་ཞུའི་ས་ཚིགས་239བསྐྲུན་པར་མ་དངུལ་སྒོར་ཁྲི་11353བཏང་བ་དང་། མི་ཐེངས་38120ལ་སྤྱི་ཚོགས་ལས་དོན་གྱི་ཞབས་འདེགས་ཞུས་པ། ཡོང་འབབ་དམའ་བའི་མི་དང་དམངས་སྲིད་རོགས་རམ་བྱ་ཡུལ་སྣ་ཚོགས་སམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་1896ལ་རོགས་སྐྱོར་བྱས་པ། དུད་ཚང་1014ལ་འཚམས་འདྲི་བྱས་པ། རྐྱང་དཔེ་119ལ་ཞབས་འདེགས་ཞུས་པ་བཅས་རེད། སྡེ་ཁུལ་དུ་བྱེད་སྒོ་ཐེངས་253སྤེལ་བར་མི་ཐེངས་31160ཞུགས་པ་དང་བོད་དུ་སྤྱི་ཚོགས་ལས་དོན་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་ཐོབ་པའི་མི་གྲངས་1179ཟིན་ཡོད།
མིག་སྔའི་བར། བོད་ཀྱི་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཏང་ཨུད་ཀྱི་དོ་དམ་བྱེད་ཁོངས་སུ་ཚུད་པའི་སྤྱི་ཚོགས་རྩ་འཛུགས་33ཡོད་པ་དང་ཏང་རྩ་འཛུགས་ཁྱབ་ཚད་97%དང་ཏང་གི་ལས་དོན་ཁྱབ་ཚད་100%ཟིན་ཡོད།