ཤིང་འཛུགས་སྔོ་འགྱུར་གྱི་ནམ་དུས་ཤར།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རང་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་སྟེང་ནགས་བཟོའི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ཐོག་མ་དེ་རེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་རེད། འཆར་འགོད་ལྟར་ན། ལོ་10ཡི་དུས་ཚོད་སྤྱད་དེ་རྒྱལ་ཁབ་ས་ཆ་མུའུ་ཁྲི་206.72སྔོ་འགྱུར་བྱེད་རྒྱུ་ཡིན་ཞིང་། དེའང“ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་ཅན་དང་ལོ་བཅུའི་རིང་ལྷ་ས་སྔོ་ལྗང་གིས་ཁེངས་པའི”བསམ་བཀོད་མངོན་འགྱུར་ཐུབ་པར་བྱས་ཏེ། ལྷ་ས་འདི་ཉིད་སྐྱེ་ཁམས་གནས་འཕྲོད་ཀྱི་ས་མཐོའི་གྲོང་ཁྱེར་དུ་ཧུར་ཐག་གཏོད་རྒྱུ་རེད། འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཡངས་གྲོང་ཚོའི་ཤིང་འཛུགས་ནགས་བཟོ་བྱ་ཡུལ་ཡིན་པ།