དྲ་ཐོག་དང་དྲ་ཕྱིའི་ཚོང་གཉེར་ཡག་ཏུ་འགྲོ་བཟོ་ཡོད་པ།
ཟླ་4པར་སིལ་ཚོང་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་50.5%ཟིན་རྒྱུ་ཡིན་པ།
ཚེས་6ཉིན། ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་4པར་ཀྲུང་གོའི་སིལ་ཚོང་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས(CRPI)50.5%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.3འཕར་ནས་འཕར་ཁོངས་སུ་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པའི་ནང་ཚོང་གཉེར་རིགས་ཀྱི་སྟོན་གྲངས་50.1%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་ནས་སླར་ཡང་འཕར་ཁོངས་སུ་སླེབས་པ། བོགས་གཏོང་ཚོང་གཉེར་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་52.7%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.3འཕར་ནས་འཕར་འབྲིང་བའི་ཁྱབ་ཁོངས་སུ་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པ། དྲ་ཐོག་ཚོང་གཉེར་རིགས་ཀྱི་སྟོན་གྲངས་50.1%ཟིན་པ་དེ་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་རེད།
དབྱེ་ཞིབ་བྱས་པར་གཞིགས་ན། ཟླ་4པར་སིལ་ཚོང་ལས་རིགས་སྤྱི་ཡོངས་ལེགས་སུ་ཕྱིན་པ་དང་། བོགས་གཏོང་ཚོང་གཉེར་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་རྒྱུན་མཐུད་མཐོ་རུ་ཕྱིན་པ། དྲ་ཐོག་ཚོང་གཉེར་རིགས་ཀྱི་སྟོན་གྲངས་དོ་སྙོམས་པ། ཚོང་གཉེར་རིགས་ཀྱི་སྟོན་གྲངས་ཅུང་མཐོ་རུ་ཕྱིན་པ་བཅས་ཀྱི་ཐོག་ནས་དྲ་ཐོག་དང་དྲ་ཕྱིའི་ཚོང་གཉེར་ཚང་མ་ཚད་གཞི་མི་འདྲ་བའི་ཐོག་ནས་ཡག་ཏུ་འགྲོ་བཟོ་ཡོད།