དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་།
ས་ཁོངས་སྒྲོལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་7.9ཟིན་པ།
ཚེས་6ཉིན་གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་4ཚེས་4ཉིན་ནས་ཚེས་6ཉིན་བར(དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང)སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར་7.9ཙམ་ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་2.64ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་7.1%འཕར་ཡོད་པ་རེད།
འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ཕ་ཡུལ་དུ་ལོག་ནས་གཉེན་ཉེ་ཐུག་འཕྲད་བྱེད་པ་དང་སྔོ་གསོལ་ཡུལ་སྐོར་འགྲུལ་རྒྱུན་གྱི་ཤུགས་རྐྱེན་ཐེབས་པས། ས་ཁོངས་སྒྲོལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་ཇེ་མང་དུ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད། ངལ་གསོའི་གོང་གི་ཉིན་དང་པོར་འགྲུལ་རྒྱུན་མངོན་གསལ་དོད་པོས་འཕར་ནས་མི་ཐེངས་དུང་ཕྱུར་2.1ལྷག་ཙམ་ཟིན་པ་དང་། ངལ་གསོའི་ཉིན་དང་པོར་ཕ་ཡུལ་དུ་ལོག་མཁན་གྱི་འགྲུལ་པ་དང་ཡུལ་སྐོར་ལ་སྐྱོད་མཁན་མང་ཤོས་ཡིན་པ་དང་མི་ཐེངས་དུང་ཕྱུར་2.9ཙམ་ཟིན་པ། ངལ་གསོའི་རྗེས་མའི་ཉིན་གཉིས་པོར་འགྲུལ་པ་འཚང་གཡོལ་ཕྱིར་ལོག་གིས་རྒྱུན་གཏན་གྱི་འགྲོ་སྐྱོད་རིམ་བཞིན་སླར་གསོ་བྱུང་བ་བཅས་རེད།