དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲིམས་འཛིན་པུའུ་ཡིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཚད་གཞི་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-09

    ཉེ་ཆར། ཁྲིམས་འཛིན་པུའི་གཞུང་དོན་ཐིང་གིས《སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཚད་གཞི་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2025ལོ་ནས་2027ལོ་བར)》(གཤམ་ལ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།

    《བྱ་སྤྱོད་ཇུས་གཞིའི》ནང་ཁྱོན་ཡོངས་ལ་ཁྱབ་པ་དང་། ཕྱོགས་ཡོངས། ཕྲེང་སྦྲེལ་ཧྲིལ་པོ་བཅས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་སུ་བཅོས་སྐྱོང་ཚད་ལྡན་བྱེད་པ། ལྟ་འདོམས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཕྱོགས་གསུམ་ནས་ཞིབ་ཕྲའི་བྱ་ཐབས་ཁག་13བཏོན་ཡོད། 2025ལོ་ནས་བཟུང་། ལོ་གསུམ་ནང་འབད་བརྩོན་བྱས་པ་བརྒྱུད་གཞུང་དཔང་དང་ཁྲིམས་འཛིན་གསལ་འབྱེད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་ནུས་ལྡན་བྱེད་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་གཉེར་ལྟ་འདོམས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དེ་བས་ཚད་ལྡན་དུ་གཏོང་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཞབས་ཞུའི་སྟབས་བདེ་དང་། ནུས་ཆེ། དྲང་གཞག་བཅས་དངོས་སུ་ཚོར་ཐུབ་པ་བྱ་རྒྱུ་རེད།

    《བྱ་སྤྱོད་ཇུས་གཞིའི》ནང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཁྱབ་ཁོངས་སུ་ལྷག་པའི་ཚད་ལྡན་མིན་པའི་གནད་དོན་དང་ལྷག་པར་དུ་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེ་བའི་ཁྱབ་ཁོངས་ལ་དམིགས་ནས། བཅོས་སྐྱོང་ཚད་ལྡན་བྱེད་པ་དང་གནད་དོན་བཅོས་སྒྲིག་ལ་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།