ཤིན་ཅང་ཐུའུ་ལུའུ་ཧྥན་གྱི་ཡར་མཚེའུ་བྲག་ཕུག་ཕྱི་ཕྱོགས་སུ་སྒོ་ཐོག་མར་ཕྱེ་བ།
འདི་ནི་ཤིན་ཅང་ཐུའུ་ལུའུ་ཧྥན་གྱི་ཡར་མཚེའུ་བྲག་ཕུག་ཡིན་པ།
འདི་ནི་ཡུལ་སྐོར་བས་ཤིན་ཅང་ཐུའུ་ལུའུ་ཧྥན་གྱི་ཡར་མཚེའུ་བྲག་ཕུག་ལ་ལྟ་སྐོར་བྱེད་བཞིན་པ།
ལོ་གཅིག་རིང་སྲུང་སྐྱོང་ཉམས་གསོ་དང་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་བརྒྱུད། ཤིན་ཅང་ཐུའུ་ལུའུ་ཧྥན་གྱི་ཡར་མཚེའུ་བྲག་ཕུག་ཟླ་4ཚེས་5ཉིན་ཕྱི་ཕྱོགས་སུ་སྒོ་ཐོག་མར་ཕྱེ་བ་རེད། ཡུལ་སྐོར་བ་ཚོས་ARསོགས་གྲངས་འཛིན་ལག་རྩལ་བརྒྱུད་དངོས་རྟོག་མཉམ་འདྲེས་ཀྱི་ཡུལ་ལྗོངས་ཁྲོད་ལོ་ངོ་སྟོང་གི་བྲག་ཕུག་དེའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཐད་ཀར་མྱོང་ཚོར་བྱེད་ཐུབ།
2014ལོར་ཅའོ་ཧོ་གྲོང་རྙིང་དེ་ཉིད་ཀྲུང་གོ་དང་། ཧ་སག་སི་ཐན། ཁེར་གྷི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་དུ་ཤུལ་བཞག་རེ་ཞུ་བྱས་པའི“དར་གོས་ལམ་བུ། ཁྲང་ཨན་ནས་ཐེན་ཧྲན་རི་བོའི་བར་ཁྱམས་ཀྱི་ལམ་དྲའི”ཁྲོད་ཀྱི་རྗེས་ཤུལ་ཞིག་ཡིན་པའི་ངོས་ནས《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་བཅུག་ཡོད། ཡར་མཚེའུ་བྲག་ཕུག་སྒོ་ཕྱེ་བ་དེས་ཅའོ་ཧོ་གྲོང་རྙིང་གི་འགྲེམས་སྟོན་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་རེད།