དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་དུ་བཟོ་བཅོས་བརྒྱབ་པའི་སྲིན་མེད་འོ་མའི་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་བཀྲམ་པ།

    སྲིན་མེད་འོ་མ་ཐོན་སྐྱེད་བྱེད་སྐབས་འོ་མ་མ་བཅོས་རྒྱུ་ཆར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-09

    སྲིན་མེད་འོ་མ་ནི་རང་རྒྱལ་གྱི་གཤེར་གཟུགས་འོ་མའི་འཛད་སྤྱོད་ཁྲོམ་རའི་ཐོན་རྫས་གཙོ་བོ་ཞིག་ཡིན། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞིའི་སྲིན་མེད་འོ་མའི》བཟོ་བཅོས་ཤོག་བྱང་ཨང་དང་པོ་མཉམ་དུ་བཀྲམ་པ་དེ་ད་ལོའི་ཟླ་9ཚེས་16ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ད་ཐེངས་བཟོ་བཅོས་བྱས་པའི་ནང་། སྲིན་མེད་འོ་མ་ཐོན་སྐྱེད་བྱེད་སྐབས་འོ་མ་མ་བཅོས་རྒྱུ་ཆར་བྱེད་པ་ལས་སོར་སློག་འོ་རྫས་སྤྱོད་མི་ཆོག་པ་དང་། སོར་སློག་འོ་རྫས་སྤྱད་ནས་ཐོན་སྐྱེད་བྱས་པའི་འོ་མའི་ཐོན་རྫས་ལ“ནོར(ར་ལུག)གྱི་ལྷད་མེད་འོ་མ”ཅེས་བཀོད་མི་ཆོག་པར། སྦྱོར་བསྲེས་འོ་མར་བརྩིས་ནས་དོ་དམ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    ཉེ་བའི་ལོ་ཤས་རིང་། འོ་མའི་ལས་རིགས་དར་རྒྱས་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ཀྱི་སྐུལ་འདེད་འོག རང་རྒྱལ་ནས་ཐོན་པའི་འོ་མ་སོས་པའི་སྤུས་ཚད་ཀྱི་བདེ་འཇགས་དང་སྤུས་ལེགས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། མིག་སྔར་རང་རྒྱལ་གྱི་བཞོན་མ་གཞི་ཁྱོན་ཅན་དུ་འགྱུར་ཚད་80%ཙམ་ཟིན་པ་དང་། མཉམ་བསྲེས་གཟན་ཆགས་སྟེར་ནས་གསོ་ཚགས་བྱེད་ཚད་99%ཟིན་པ། འཕྲུལ་ཆས་ཀྱི་འོ་མ་འཇོ་བའི་བསྡུར་ཚད་100%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།