དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞུང་ཨན་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཡན་ལག་དང་ཉིང་ལག་ལས་ཁུངས་ཁག་ 300ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-09

    ཉིན་ཤས་གོང་། ཀྲུང་གོ་རྒྱུན་སྤྱོད་ལག་རྩལ(ཚོགས་པ)མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སིའི་གཤམ་འོག་གི་ཀྲུང་གོ་གསར་དར་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་པེ་ཅིང་ནས་ཞུང་ཨན་ཁུལ་གསར་དུ་སྤོས་པའི་ཐོ་འགོད་ལེགས་གྲུབ་ཟིན་ཏེ། ད་ལོའི་པེ་ཅིང་ནས་ཞུང་ཨན་དུ་སྤོས་པའི་ཀྲུང་དབྱང་ཁེ་ལས་ཀྱི་རིམ་པ་གཉིས་པའི་ཀུང་སི་ཁག་དང་པོར་གྱུར་ཡོད་པ་རེད། མིག་སྔའི་བར་ཀྲུང་དབྱང་ཁེ་ལས་ཀྱིས་ཞུང་ཨན་ཁུལ་གསར་དུ་ཡན་ལག་དང་ཉིང་ལག་ལས་ཁུངས་ཁག་300ལྷག་ཙམ་བཙུགས་ཡོད་པ་རེད།

    དེ་སྔ་གསར་དར་ཀུང་སིས་དམག་དོན་རྟེན་མཛོད་ཁང་སོགས་ཀྱི་ལས་གྲྭ་དང་དེ་བཞིན་ལྷོ་སྣེའི་ཚན་རིག་རྟོག་ཞིབ་ས་ཚིགས་དང་ཨ་ཧྥེ་རི་ཁའི་གཞུང་ལམ་དྲ་བ་སོགས་ཕྱི་རྒྱལ་རྣམ་གྲངས་ཀྱི་སྐྲུན་འགན་འཁུར་ཡོད། ཞུང་ཨན་དུ་གཞིས་ཆགས་རྗེས་ཀུང་སི་དེས“སྤྱི་ཁྱབ་པུའུ་དང་། ཞིབ་སྤེལ། ཡུལ་རྣམ་བཅས་ཟུང་དུ་སྦྲེལ་བའི”མཉམ་ལས་བྱེད་སྟངས་བརྒྱུད། རིག་ལྡན་ནུས་རྒྱུའི་དོ་དམ་མ་ལག་སོགས་འགག་རྩའི་ལག་རྩལ་འདྲེན་འཇུག་དང་སྟོད་རྒྱུད་སྨད་རྒྱུད་ཀྱི་ཚན་རྩལ་ཁེ་ལས་བསྡུ་རུབ་བྱ་རྒྱུར་སྐུལ་ཁྲིད་ཀྱིས་ཞུང་ཨན་ཁུལ་གསར་གྱི་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར“འཆར་འགོད་དང་། འཛུགས་སྐྲུན། འཁོར་སྐྱོད”བཅས་ཀྱི་དུས་འཁོར་ཧྲིལ་པོའི་ཐག་གཅོད་ཇུས་གཞི་བཏོན་ཡོད་པ་རེད།

    གསར་དར་ཀུང་སིས་གནས་སྤོའི་གནད་དོན་ཐག་གཅོད་བྱེད་རིང་ཞུང་ཨན་ཁུལ་གསར་ཚོང་དོན་དང་མ་འཇོག་སྐུལ་འདེད་ཅུས་ཀྱིས་ཞུང་ཨན་ཚོགས་པ་དང“འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་ཆེད་སྒྲུབ་ཚོགས་ཆུང”བཙུགས་ཏེ། “སྲིད་ཇུས་སྒོ་བཅར+མངགས་བཟོའི་ཞབས་ཞུའི”ཕྱོགས་གཉིས་ཀྱི་སྐུལ་འདེད་བརྒྱུད་ཁེ་ལས་ལ་འཐབ་ཇུས་བློ་འདྲི་ནས་གནད་སྨིན་གཉེར་སྐྱོང་བར་གྱི་དུས་འཁོར་ཧྲིལ་པོའི་ཞབས་ཞུ་བསྒྲུབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།