ཧྭ་ནུས་ཧོར་པ་འོད་གསོག་གློག་གཏོང་རྣམ་གྲངས་ཀྱི་གློག་དྲ་ཟླ་སྒྲིལ་བཏང་ནས་གློག་གཏོང་འགོ་ཚུགས་པ།
ཉེ་ཆར། ཧྭ་ནུས་ཡར་ཀླུང་གཙང་པོའི་ཀུང་སིས་མ་རྩ་བཏང་ནས་བསྐྲུན་པའི་ཧོར་པའི་ཀྲའོ་ཝ་30ཡི་འོད་གསོག་རྣམ་གྲངས་ཀྱི་གློག་དྲ་ཚང་མ་ཟླ་སྒྲིལ་བཏང་ནས། གློག་གཏོང་འགོ་ཚུགས་ཡོད་པ་རེད།
རྣམ་གྲངས་དེ་ནི་ས་བབ་མཐོ་ཚད་སྨི་4700ཟིན་པའི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ཧོར་པ་ཤང་དུ་གནས་ཤིང་། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3ཟིན་གྱི་ཡོད་པ་དང་། ཆུ་ཚོད་རེར་ཀྲའོ་ཝ་6དང་ཀྲའོ་ཝ་24ཟིན་པའི་གློག་དྲ་འདུས་གྲུབ་རྣམ་པའི་ནུས་གསོག་མ་ལག་བཀོད་སྒྲིག་བྱས་ཡོད། རྣམ་གྲངས་ཀྱི་གློག་དྲ་ཟླ་སྒྲིལ་བཏང་རྗེས་སྔོན་དཔག་བྱས་ན་ལོ་ལྟར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་4500ཟིན་པ་དང་ལོ་ལྟར་ལྗང་མདོག་གློག་གཏོང་ཚད་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་1.37གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་3.76ཙམ་ཉུང་དུ་ཕྱིན་པ་དང་ཧ་ལམ་མཚུངས་པས། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། རྣམ་གྲངས་ནང་ལས་མི་སྤྱོད་པ་དང་། ཁང་པ་བོགས་མར་ལེན་པ། འཕྲུལ་ཆས་བོགས་མར་ལེན་པ་སོགས་ཀྱི་ཐབས་ལམ་བརྒྱུད། ཡུལ་དེའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་200ལྷག་ཡོང་བར་རོགས་རམ་བྱས་པ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།