ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་དཔྱིད་རྨོད་དཔྱིད་གྲབས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
ཉེ་ཆར། གནམ་གཤིས་རིམ་གྱིས་དྲོ་རུ་ཕྱིན་པ་དང་བསྟུན་ནས། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་སོ་ནམ་དུས་ཚོད་དམ་འཛིན་བྱས་ཏེ། དཔྱིད་རྨོད་དཔྱིད་གྲབས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཚོས་ཞིང་ནང་དང་མུ་ཁར་བྲེལ་བརྩོན་ཆེན་པོས་ངལ་རྩོལ་བྱེད་པ་དང་། ལག་རྩལ་པས་འཐབ་ས་དང་པོར་མཛུབ་ཁྲིད་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཟླ་3པའི་ཟླ་མཇུག་བར་ཁྱོན་ས་ཞིང་མུའུ་1755བཏབ་ཟིན་པ་རེད།
དཔྱིད་རྨོད་དཔྱིད་གྲབས་ཀྱི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། བྲག་གཡབ་རྫོང་གིས་སོན་བཟང་དང་། རྫས་ལུད། ཞིང་སྨན་སོགས་ཀྱི་དངོས་རྫས་ཉོ་སྒྲུབ་དང་གཏོང་འདྲེན་གྱི་ལས་དོན་ཧུར་ཐག་སྤེལ་ཡོད། ཟླ་3ཚེས་25ཉིན་བར་རྫས་ལུད་ཏུན་690དང་། ཞིང་སྨན་ཏུན་3.8 ནས་ཀྱི་སོན་བཟང་རྒྱ་མ་ཁྲི་21.37 པད་ཁའི་སོན་རྒྱ་མ་ཁྲི་2.2 ཞོག་སོན་རྒྱ་མ་ཁྲི་2.5བཅས་གཏོང་འདྲེན་བྱས་ཡོད་པ་རེད།