དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་གཞོན་ནུ་ཉིས་བརྒྱ་ལྷག་ཙམ“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་2025ལོའི་ཁག་དང་པོའི་ལྗོངས་ཕྱིར“ཚོགས་སྒྲིག་རྣམ་པའི”ཁྲོམ་ར་ཅན་གྱི་ལས་ཞུགས་བྱེད་པར་རྡོག་ཐོན་གྱི་མཛད་སྒོ་གཉེར་ཞིང་། བོད་ཀྱི་གཞོན་ནུ་50ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དུ་ལས་ཞུགས་ལ་བསྐྱོད་རྒྱུ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ད་རེས་བོད་ཀྱི་གཞོན་ནུ་ལས་ཀར་བསྡུ་མཁན་ནི་དབྱི་ཁྲང་གྲོང་ཁྱེར་ཀྲི་ཅང་ཆ་འཕྲིན་ཐོན་ལས་གླིང་ཧུའུ་པེ་ཧྭ་ཤིན་འོད་གློག་མ་རྐང་ཚད་ཡོད་ཀུང་སི་ཡིན་ཞིང་། ན་ནིང་ཀུང་སི་དེས་བོད་ཀྱི་གཞོན་ནུ་42ལས་ཀར་བསྡུས་ནས་ལས་ཞུགས་བརྟན་པོ་ཐུབ་པ་དང་ད་རེས་སླར་ཡང་བོད་ཀྱི་གཞོན་ནུ་50ལས་ཀར་བསྡུས་པ་རེད།

    གཞན་ཡང་ཀྲི་ཅང་ཆ་འཕྲིན་ཐོན་ལས་གླིང་ཧུའུ་པེ་ཏོ་ཨར་འོད་གློག་ཚད་ཡོད་འགན་འཁྲི་ཀུང་སིས་ད་དུང་བོད་ཀྱི་གཞོན་ནུ་22ལས་ཀར་བསྡུས་ནས་ལས་ཞུགས་བརྟན་པོ་ཐུབ་པར་བྱས་ཡོད། ད་བར་ཀྲི་ཅང་གྲོང་ཁྱེར་གྱིས་བོད་ཀྱི་གཞོན་ནུ་127བདེ་བླག་ངང་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་བྱས་པའི་ཁྲོད། ཐོན་ལས་གླིང་དུ་མི་114ལས་ཞུགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།