ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས“འཆལ་རྡུང་ལོག་སེལ་བྱས་ནས་སློབ་མར་སྲུང་སྐྱོང་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་སློབ་གྲྭར་སྤེལ་བ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་རྫོང་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། ཁྲིམས་འཛིན་ཅུས། གུང་གཞོན་སྡེ་ཚོགས་རྫོང་ཨུད་སོགས་ཚན་པའི་ལས་དོན་པ་དང་མཉམ་དུ་རྫོང་སློབ་འབྲིང་དང་པོར་བསྐྱོད་དེ། “འཆལ་རྡུང་ལོག་སེལ་བྱས་ནས་སློབ་མར་སྲུང་སྐྱོང་བྱེད་པའི”ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་ཁྱོན་དགེ་སློབ་700ལྷག་ཙམ་ཞུགས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། ཁོངས་གཏོགས་ཚན་པ་ཁག་གི་སྒྲོག་འགྲེལ་ལས་བྱེད་པས་སློབ་ཚན་ཁྲིད་དེ། དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་དང་ཟུང་འབྲེལ་གྱིས་རྒྱ་ཆེའི་དགེ་སློབ་ཚོར་ཁྲིམས་འགལ་པར་སྐྲུན་ཡིག་རིགས་ལ་སྔར་བས་རང་རྟོགས་ངང་བཀག་འགོག་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་རིག་གནས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ། ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ཁྲིམས་བརྩི་ཁྲིམས་སྲུང་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་དཔེ་མཚོན་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་། འབྲེལ་ཡོད་དྲིལ་བསྒྲགས་དཔྱད་གཞི་1000ལྷག་ཙམ་དང་རིན་ཐང་སྒོར་2000རི་བའི་ཡིག་ཆས་དང་། ཟིན་བྲིས་དེབ། ཞྭ་མོ་སོགས་ཀྱི་སློབ་ཆས་དང་འཚོ་བའི་མཁོ་ཆས་སྤྲད་པ་རེད།