དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་གཞོན་ནུ་ལོ་ཆུང་གི་ཞིབ་སློབ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

    ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་རྫོང་སློབ་གསོ་ཅུས་སོགས་སྡེ་ཚན་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་30ལྷག་ཙམ་སྒྲིག་འཛུགས་བྱས་ནས། མངའ་རིས་ས་ཁུལ་རྟེན་མཛོད་ཁང་དང་སྒར་རྫོང་ཚན་རྩལ་ཁང་དུ་བསྐྱོད་དེ“མངའ་རིས་ཀྱི་ལོ་རྒྱུས་མཆོག་ནོར་འཚོལ་བའི”གཞོན་ནུ་ལོ་ཆུང་གི་ཞིབ་སློབ་བྱེད་སྒོ་སྤེལ་བ་རེད།

    མངའ་རིས་ས་ཁུལ་རྟེན་མཛོད་ཁང་དུ་ཚང་མས་འགྲེམས་ཁུལ་ཁག་ལ་གོ་རིམ་ལྡན་པའི་ངང་ལྟ་སྐོར་བྱས་ནས་ལོ་རྒྱུས་དང་། རིག་གནས། དམངས་སྲོལ་སོགས་ཀྱི་ཤེས་བྱ་རྒྱུས་ལོན་བྱས་པ་རེད། དངོས་རྫས་དང་པར་རིས་ལ་བལྟས་པ་བརྒྱུད། སློབ་མ་རྣམས་ཀྱིས་མངའ་རིས་ས་ཁུལ་གྱི་འཕེལ་རྒྱས་དང་འཕོ་འགྱུར་ལ་ཤེས་རྟོགས་དེ་བས་ཟབ་མོ་བྱུང་ཡོད། དེ་རྗེས། ཕྲུ་གུ་ཚོ་སྒར་རྫོང་ཚན་རྩལ་ཁང་དུ་བསྐྱོད་ཅིང་། ཚན་རིག་ཁྱབ་གདལ་འགྲེལ་བཤད་པས་འགྲེམས་དངོས་ཀྱི་རྩ་བའི་རིགས་པ་དང་བེད་སྤྱོད་ཁྱབ་ཁོངས་ངོ་སྤྲོད་ཞིབ་ཕྲ་བྱས་པས། ཕྲུ་གུ་ཚོ་ཚན་རིག་ལ་དགའ་ཞེན་ཆེ་རུ་ཕྱིན་པ་མ་ཟད་འཚོལ་ཞིབ་ཀྱི་སྙིང་སྟོབས་སྔར་བས་འཕེལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།