དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྨ་ཆུའི་ཉིང་ཞ་དུམ་བུའི་སྨད་རྒྱུད་ཉ་རྒྱ་བསྡམས་པའི་དུས་སུ་སླེབས་པ།

    སྡེ་ཚན་གཉིས་ཀྱིས་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-08

    ཟླ་4ཚེས་1ཉིན་གྱི་ཆུ་ཚོད་12པ་ནས་རང་རྒྱལ་གྱི་རྨ་ཆུའི་ཉིང་ཞ་དུམ་བུའི་སྨན་རྒྱུད་ཆུ་ཁོངས་སུ་དུས་ཡུན་ཟླ་4ཡི་ཉ་རྒྱ་བསྡམས་པའི་དུས་སུ་སླེབས་ཡོད། ཉིན་དེའི་སྔ་དྲོར། ཞིང་ལས་གྲོང་གསེབ་པུའུ་དང་སྤྱི་བདེ་པུས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་དུ“2025ལོའི་ཀྲུང་གོའི་ཉ་ལས་སྲིད་འཛིན་གྱི་རལ་གྲི་འཕྱར་བའི”རྨ་ཆུའི་ཉ་རྒྱ་བསྡམས་པའི་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་ཀྱི་འགོ་ཚུགས་བྱེད་སྒོ་སྤེལ་བ་རེད།

    སྡེ་ཚན་གཉིས་ཀྱིས་བླང་བྱ་བཏོན་དོན། རྨ་ཆུའི་རྒྱུད་ཀྱི་རིམ་ཁག་ཉ་ལས་དང་ཉ་ལས་སྲིད་འཛིན་དང་སྤྱི་བདེ་སྡེ་ཚན་གྱིས་ཁྲིམས་སྒྱུར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་སྒྲུབ་མཉམ་འགུལ་དམ་ཟབ་བྱེད་དགོས། མང་ཚོགས་ཀྱིས་ཐེར་འདོན་བྱེད་མང་ཞིང་ཚུར་སྣང་ལན་ཆ་ཆེ་བའི་གཙོ་གནད་ས་ཁོངས་ལ་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉ་རྒྱ་མ་བསྡམས་གོང་དང་བསྡམས་པའི་རྗེས་དང་དུས་ཆེན་དང་གུང་གསེང་སོགས་ཁྲིམས་འགལ་ངང་ཉ་འཛིན་མང་བའི་དུས་མཚམས་ལ་དམིགས་པ། ཉེ་བའི་ལོ་ཤས་རིང་ཁྲིམས་འགལ་ངང་ཉ་བཟུང་ནས་ཆད་པ་བཅད་པའི་གཙོ་གནད་མི་སྣ་དང་གྲུ་གཟིངས་ལ་དམ་འཛིན་བཅས་བྱས་ནས་ཁྲིམས་སྒྱུར་ལྟ་འདོམས་ཏན་ཏིག་བྱས་ཏེ། ཆ་འཕྲིན་འབྲེལ་མཐུད་དང་། ཁྲིམས་སྒྱུར་མཉམ་འགུལ། གནད་དོན་མཉམ་གཅོད། ས་ཁོངས་མཉམ་འགོག་བཅས་ཡོང་བར་བྱེད་དགོས། དེ་དང་དུས་མཚུངས། ཁྲིམས་སྒྱུར་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ལྟ་འདོམས་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་གཏོང་དགོས། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་ཐབས་རིག་ནུས་སོགས་རམ་འདེགས་བྱེད་ཐབས་ཡག་པོ་སྤྱད་དེ་ཁྲིམས་སྒྱུར་གྱི་མཉེན་ཆས་དང་མཁྲེགས་ཆས་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། དེ་དང་དུས་མཚུངས། ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དཔེ་མཚོན་གྱོད་གཞི་དང་། གྱོད་གཞི་ཆེན་པོ། གྱོད་གཞི་གལ་ཆེན་བཅས་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། གྱོད་དཔེས་ཁྲིམས་འགྲེལ། ཟིལ་གནོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས“གཙང་པོར་ཉ་མི་འཛིན་པ་དང་། ཁྲོམ་རར་ཉ་མི་འཚོང་བ། ཟ་ཁང་དུ་ཉ་རིགས་ཀྱི་ཚལ་མི་བཟོ་བ། མང་ཚོགས་ཀྱིས་མི་ཟ་བ”བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྐྲུན་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རྨ་ཆུའི་རྒྱུད་ཀྱི་རིམ་ཁག་ཉ་ལས་དང་ཉ་ལས་སྲིད་འཛིན་དང་སྤྱི་བདེ་སྡེ་ཚན་གྱིས་རྨ་ཆུའི་ཉ་རྒྱ་བསྡམས་པའི་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་ཁྲིམས་སྒྱུར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་རིམ་རྩིས་བརྒྱབ་ན། ཁྲིམས་སྒྱུར་པ་མི་ཐེངས་ཁྲི་3.4བཏང་བ་དང་། ཁྲིམས་འགལ་དང་སྒྲིག་འགལ་གྱི་གྱོད་གཞི་ཁྱོན་220ཞིབ་བཤེར་ཐག་གཅོད་བྱས་པ། གྱོད་གཞི་13ཁྲིམས་འཛིན་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་བསྐྱལ་བས། རྨ་ཆུའི་ཉ་རྒྱ་བསྡམས་པའི་སྒྲིག་ལམ་བརྟན་ལ་གོ་རིམ་ལྡན་པ་དང་ཁྲིམས་འགལ་གྱིས་ཉ་འཛིན་པའི་བྱེད་སྤྱོད་ལ་བཀག་འགོག་ནུས་ལྡན་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།