དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དྭངས་གསལ་གུང་གསེང་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་བརྟན་པོ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-08

    ཚེས་6ཉིན་གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། དྭངས་གསལ་གུང་གསེང་རིང་རྒྱལ་ཡོངས་འཕྲལ་སྡོམ་དོ་དམ་མ་ལག་གིས་བདེ་འཇགས་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་གུང་གསེང་གི་བདེ་འཇགས་དུས་བབ་བརྟན་པོ་ཡོང་བར་བྱས་ཡོད། ཉིན་དེའི་ཆུ་ཚོད་བརྒྱད་པ་བར། རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་བརྟན་པོ་བྱུང་ནས་གནོད་འཚེ་ཚབས་ཆེན་གྱི་དོན་རྐྱེན་ཐོན་མེད་པ་རེད།

    གུང་གསེང་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་ཞུགས་ཚན་པའི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་པའི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་22ས་གནས་ཁག་ཏུ་བསྐྱོད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་དང་རིགས་གཅིག་མཁས་ཅན་གྱིས་ཞབས་ཞུར་མཛུབ་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་བྱས་པ་རེད། རྒྱལ་ཁབ་ནགས་ཚལ་མེ་ཟོན་སྔོན་འགོག་བཀོད་འདོམས་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་དྭངས་གསལ་གུང་གསེང་རིང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཆེད་མངགས་བཀོད་གཏོང་བཀོད་སྒྲིག་བྱས་ཏེ་མེ་ཟོན་གྱི་ཉེན་ཁ་ཆེ་བའི་ཞིང་ཆེན་10ལ་ནགས་ཚལ་མེ་ཟོན་གྱི་ལི་མདོག་གི་སྔོན་བརྡ་བཏང་སྟེ། སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་བརྡ་དང་ལེན་གྱི་བྱེད་ཐབས་དོན་འཁྱོལ། མེ་ཁུངས་དོ་དམ་ཚོད་འཛིན་ནན་པོ། འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    གུང་གསེང་རིང་། འཕྲལ་སྡོམ་དོ་དམ་པུས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་གནོད་འཚེའི་དོན་རྐྱེན་གྱི་དུས་བབ་ལ་སྟབས་བསྟུན་དབྱེ་ཞིབ་དང་བརྡར་གཅོད་བྱས་ཤིང་། རྒྱལ་ཁབ་ནགས་ཚལ་མེ་ཟོན་བཀོད་འདོམས་གཞུང་དོན་ཁང་གིས་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་ལ་གཞིགས་ནས་ནགས་ཚལ་གྱི་མེ་སྐྱོན་ཉེན་ཁའི་དུས་བབ་ལ་ལྟ་ཞིབ་ཚད་ལེན་དམ་ཟབ་བྱས་ཏེ། ལས་དོན་ཚོགས་ཆུང་དྲུག་ཧྲན་ཤིས་དང་། ལེའོ་ཉིང་། ཀྲེ་ཅང་། ཨན་ཧུའེ། ཧྲན་ཏུང་། ཧོ་ནན། ཧྲའན་ཤིས་སོགས་མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁུལ་དུ་བཏང་ནས་མེ་འགོག་མེ་གསོད་ཞབས་ཞུའི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། རིམ་ཁག་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་གཏེར་རི་དང་། ཉེན་ཆེའི་རྫས་འགྱུར་དངོས་པོ། བཟོ་ཚོང་སོགས་ལས་རིགས་ཀྱི་ཁྱབ་ཁོངས་ལ་ཞིབ་བཤེར་བཅོས་སྒྲིག་བྱས་པ་མ་ཟད། མི་སྣ་འདུ་འཛོམས་ཆེ་སར་བདེ་འཇགས་ཞིབ་བཤེར་དང་ནགས་ཚལ་མེ་སྐྱོན་ལྟ་ཞིབ་ཚད་ལེན་སྐོར་སྲུང་ལ་ཤུགས་སྣོན་བརྒྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།