《2024ལོའི་གྲོང་ཁྱེར་ཆེ་གྲས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཚོད་སྐོར་སྙན་ཞུ》ཁྱབ་བསྒྲགས་བྱས་པ།
ཉིན་ཤས་གོང《2024ལོའི་གྲོང་ཁྱེར་ཆེ་གྲས་ཀྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཚོད་སྐོར་སྙན་ཞུ》(གཤམ་དུ《སྙན་ཞུ》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། 《སྙན་ཞུ》ལས་མངོན་པར། 2024ལོར་གྲོང་ཁྱེར་ཆེན་པོ་36གི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆ་སྙོམས་ཆུ་ཚད་ནི་སྐར་མ་79.4ཡིན་པ་དེ་ལོ་གོང་མ་ལས་6.9%འཕར་ཡོད།
2024ལོར། གྲོང་ཁྱེར་ཆེ་གྲས་36གི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་གནམ་གཤིས་ཚན་རྩལ་མནའ་འབྲེལ་གྱིས་གནམ་གཤིས་ཚན་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཁག་16ཁྱབ་བསྒྲགས་བྱས་པ། རྒྱུ་རྐྱེན་གཙོ་བོ་མང་པོའི་གནམ་དཔྱད་ས་ཚིགས་དང་། གནམ་གཤིས་ལེ་ཏ། དྲང་འཕྱང་ལྟ་ཞིབ་ཚད་ལེན་མ་ལག་སོགས་འཛུགས་སྐྲུན་བྱས་ནས་གནམ་གཤིས་ལྟ་འཇལ་མ་ཐུབ་པའི་ཁུལ་གྱི་སྟོང་ཆ་སྔར་བས་ཁ་གསབ་བྱས་པ། དམིགས་བསལ་གནམ་གཤིས་སྔོན་བརྡ་གཏོང་བའི་ཁྲོད་མི་ཐབས་རིག་ནུས་ཀྱི་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ། གནམ་གཤིས་གནོད་འཚེའི་སྔོན་ཚུད་ཉེན་བརྡ་སྔོན་ཁྲིད་དུ་བྱེད་པའི་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། རིམ་པ་བཞིན་དྲན་སྐུལ་བྱེད་པ་དང་སྡེ་ཚན་དབར་མཐུན་སྦྱོར་བྱེད་པའི་གཅིག་རམ་གཅིག་འདེགས་ཀྱི་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།