དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་བསམ་འཆར་མཉམ་དུ་བཀྲམ་ནས།

    ཐོན་ལས་བཟོ་པའི་སློབ་གཉེར་གྱི་ཕུགས་འདུན་འགྲུབ་པའི་བྱ་སྤྱོད་ལག་བསྟར་རྒྱ་ཁྱབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-08

    ཉིན་ཤས་གོང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་། སློབ་གསོ་པུའུ། མི་སྤྱི་པུའུ། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་བཅས་ཀྱིས་མཉམ་དུ《སློབ་གཉེར་གྱི་ཕུགས་འདུན་འགྲུབ་པའི་བྱ་སྤྱོད་ལག་བསྟར་རྒྱ་ཁྱབ་བྱས་ནས་ཐོན་ལས་བཟོ་པའི་སློབ་རྒྱུས་དང་འཇོན་ཐང་ཆེར་གཏོང་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་ཐོན་ལས་བཟོ་པར་ཕྱོགས་ཏེ་མཐོ་རིམ་སློབ་རྒྱུས་ཀྱི་རྒྱུན་མཐུད་སློབ་གསོ་དང་སློབ་རྒྱུས་མིན་པའི་སློབ་གསོ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། 《བསམ་འཆར》ནང་2030ལོར་སླེབས་སྐབས་ཐོན་ལས་བཟོ་པའི་སློབ་རྒྱུས་དང་འཇོན་ཐང་ཆེར་གཏོང་གི་རྣམ་གྲངས་300ལྷག་ཙམ་གཏོད་རྒྱུ་དང་། སློབ་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་ཐོན་ལས་བཟོ་པ་ཁྲི་300ལྷག་ཙམ་ལ་རོགས་དངུལ་སྤྲོད་རྒྱུ་ཡིན་པའི་ནང་ཞིང་པ་ལས་མི་ཁྲི་200ལྷག་ཙམ་ཡོད་པ་དང་དེ་ལས་ཐོན་ལས་བཟོ་པ་དེ་བས་མང་བར་ཚེ་གང་སློབ་སྦྱོང་གི་འདུ་ཤེས་འཛུགས་པ་དང་ལག་བསྟར་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། སློབ་རྒྱུས་དང་འཇོན་ཐང་རང་འགུལ་ངང་ཆེ་རུ་བཏང་ནས་ཐོན་ལས་རྩེ་གྲའི་ལག་རྩལ་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་བཟུང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་སློབ་གསོ་པུས་སློབ་གཉེར་གྱི་ཕུགས་འདུན་འགྲུབ་པའི་བྱ་སྤྱོད་སྤེལ་འགོ་བཙུགས་ནས་ཞིང་པ་ལས་མིའི་སློབ་རྒྱུས་ཀྱི་བྱང་ཚད་མཐོར་གཏོང་ལ་རམ་འདེགས་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད། 2024ལོའི་ཟླ་6པ་བར། རྒྱལ་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་11.17བཏང་ནས་ཞིང་པ་ལས་མི་ཁྲི་240ལྷག་ཙམ་ལ་སློབ་རྒྱུས་དང་འཇོན་ཐང་ཆེར་གཏོང་གི་རོགས་དངུལ་སྤྲད་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《བསམ་འཆར》ནང་དེ་གོང་སྤེལ་བའི་སློབ་གཉེར་གྱི་ཕུགས་འདུན་འགྲུབ་པའི་བྱ་སྤྱོད་ཀྱི་རྨང་གཞིའི་ཐོག་བྱ་སྤྱོད་སྤེལ་ཡུལ་ཞིང་པ་ལས་མི་ནས་ཐོན་ལས་བཟོ་པའི་བར་རྒྱ་ཆེར་བཏང་སྟེ། ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་དང་། སློབ་སྦྱོང་གི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན། སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས། སློབ་སྦྱོང་གི་ཕན་འབྲས་ངེས་བཟུང་དང་བརྗེ་སྒྱུར་ལ་སྐུལ་འདེད། ཁེ་ལས་ཞུགས་རྒྱུར་སྐུལ་ལྕག་སོགས་ཀྱི་ལས་འགན་ཁག་5ཁ་གསལ་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།