དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ཟླ་8པར་ཧྲེན་དབྱང་དུ་འཚོག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-08

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་གཞོན་ནུ་ལོ་ཆུང་སི་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ཟླ་8ཚེས་10ནས་15ཉིན་བར་ཧྲེན་དབྱང་དུ་འཚོག་རྒྱུ་ཡིན་པ་རེད།

    གསར་འགོད་པར་གཞོན་ནུ་ལོ་ཆུང་སི་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཉེ་ཆར་འགྲན་དོན་དེར་དམིགས་ནས་བརྡ་ཐོ་གཏོང་རྒྱུ་དང་ཆབས་ཅིག་འགྲན་བསྡུར་གྱི་གཏན་འབེབས་བརྒྱུད་རིམ་ཁྱབ་བསྒྲགས་བྱས་ནས་གསར་དུ་གཉེར་བའི་འགྲན་དོན་དེ་ཕྱོགས་ཡོངས་ནས་འགོ་འཛུགས་རྒྱུ་ཡིན་པ་རེད།

    གཞོན་ནུ་ལོ་ཆུང་སིའི་འབྲེལ་ཡོད་འགན་འཁུར་བས། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་དང་སློབ་གསོ་པུས་རྒྱབ་སྐྱོར་ཚན་པ་བྱ་རྒྱུ་རེད། ལུས་རྩལ་འགྲན་བསྡུར་དེ་འཆར་གཞི་ལྟར་ན་ལོ་རེར་སྐབས་རེ་གཉེར་རྒྱུ་དང་། ལུས་རྩལ་པ་འགྲན་བསྡུར་ལ་ཞུགས་པའི་ལོ་ཚོད་ལོ་18མན(མཐོ་རིམ་སློབ་འབྲིང་མན)ཡིན་པ་དང་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་བཅས་འགྲན་ཞུགས་ཚན་པར་བྱ་རྒྱུ་རེད། ལུས་རྩལ་འགྲན་ཚོགས་གྱི་འགྲན་ཡུན་ཉིན་6ཡིན་པ་དང་། འཆར་གཞི་ལྟར་ན་རྣམ་གྲངས་ཆུང་གྲས་56བཀོད་སྒྲིག་དང་སྔོན་རྩིས་བྱས་ན་འགྲན་ཞུགས་ལུས་རྩལ་པ་མི་གྲངས་1300ལྷག་ཙམ་ཡོད་པ་རེད། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སྤོ་ལོ་ཆེ་གྲས་གསུམ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་སྲིད་ཇུས་གཞིར་བཟུང་ནས། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་འཐུས་མིའི་ཚོགས་པ་ཁག་གི་སྐྱེས་པ་དང་བུད་མེད་ཚོགས་པའི་སྦྱངས་འབྲས་དང་ཨང་རིམ་དག་དེ་མཚུངས་དུས་འཁོར་གྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ཡོངས་ཀྱི་སྦྱངས་འབྲས་ལ་བརྩི་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།