པར་རིས་གསར་འགྱུར།
ཟླ་4ཚེས་1ཉིན། ཨན་ཧུའེ་ཤང་ཅན་ནས་ལུའུ་ཏའོ་བར་གྱི་ཆན་ཧྥུའུ་500ཡི་སྐུད་ལམ་ལས་གྲྭའི་ཧོའེ་ཧོ་གཙང་པོ་སྒྲོལ་བའི་མཐོ་ཚད་སྨི་193ཟིན་པའི་ལྷོ་ངོགས་ལྕགས་སྒྲོམ་རྩེ་མོའི་ལྷུ་ལག་སྒྲིག་སྦྱོར་ཟིན་ཡོད། ལས་གྲྭ་དེའི་སྤྱིའི་རིང་ཚད་ལ་སྟོང་སྨི་136.8ཟིན་པ་དང་། བསྐྲུན་རྗེས་ས་ཁུལ་གྱི་གློག་དྲའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་གློག་གཏོང་བའི་བརྟན་པོའི་རང་བཞིན་དང་ནུས་རྒྱུ་གསར་པ་འདྲེན་སྤྱོད་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད། འདི་ནི་བཟོ་པས་ལྕགས་སྒྲོམ་གྱི་རྩེ་མོར་གློག་སྐུད་ཁྲིད་བཞིན་པ།