དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧུའུ་པེ་ཞིང་ཆེན་གྱིས་ལྷོ་ཁ་གྲོང་ཁྱེར་ལ་དངོས་ཟོག་ཁག་གཉིས་པ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ཉིན་ཤས་གོང་། ཧུའུ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ཁག་གཉིས་པ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་གཙང་བྱང་ཐོན་ལས་གླིང་ཁུལ་དུ་འཚོགས་པ་རེད།

    ད་ཐེངས་ཞལ་འདེབས་བརྒྱབ་པའི་དངོས་ཟོག་ནི་གྲོང་ཁྱེར་དོ་དམ་གྱི་རླངས་འཁོར་ཡིན་ཞིང་། དེའི་ནང་གྲོང་སྲིད་གློག་སྒུལ་སྐོར་ཞིབ་ཀྱི་རླངས་འཁོར་10དང་། ཤར་རླུང་ཏོ་ལི་ཁ་རྟགས་ཅན་གྱི་རྫབ་བཤངས་རླངས་འཁོར་4 ཆུ་གཏོར་རླངས་འཁོར་2 ཤར་རླུང་རྟགས་ཅན་གྱི་མཐོ་འཛེགས་ལས་སྒྲུབ་རླངས་འཁོར་1བཅས་ཡོད་པ་དེ་དག་གིས་ལྷོ་ཁ་གྲོང་ཁྱེར་གྱི་འགྲོ་ལམ་བདག་སྐྱོང་དང་། གཙང་སྦྲ གད་སྙིགས་གཙང་འཕྱག་བཅས་ཀྱི་དགོས་མཁོ་སྐོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།