གཞིས་རྩེར་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་རིམ་སྤེལ་བྱེད་སྒོ་ཐེངས་34པ་སྤེལ་འགོ་ཚུགས་པ།
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་དེ་བཞིན་རིམ་སྤེལ་བྱེད་སྒོ་ཐེངས་34པ་སྤེལ་ནས། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་ཁྲལ་དོན་སྲོལ་མཐུན་ཐོན་སྐྱེད་གཉེར་སྐྱོང་གི་ལྷུ་ཚིགས་ཚང་མའི་ནང་མཉམ་འདྲེས་བྱ་རྒྱུར་རམ་འདེགས་བྱས་ཡོད་པ་རེད།
“‘ཁྲལ་བསྡུ་དང་། ཁྲིམས་སྐྱོང་། གཞུང་དྲང’བཅས་མཉམ་གླེང”གི་བརྗོད་དོན་གཙོ་བོའི་སྙིང་གཏམ་ཤོད་པའི་ཚོགས་འདུའི་ཐོག ཁྲལ་དོན་ལས་བྱེད་པས་དུས་འགོར་བསྡུ་ལེན་བྱས་པའི་ཁྲལ་འཇལ་མཁན་གྱིས་གཙོ་གནད་དོ་ཁུར་བྱེད་པའི་ཁྲལ་འཇལ་ཡིད་རྟོན་གདེང་འཇོག་དང་། ཕྱིར་གཏོང་ཚོང་དོན་ལྟ་འདོམས། གེགས་རྗེས་བསྐྱར་སྐྲུན་སོགས་ཐད་ཀྱི་གནད་དོན་ལ་དམིགས་ནས། ཁེ་ལས་ལ་ཁྲལ་བསྡུའི་སྲིད་ཇུས་གསལ་འགྲེལ་དང་། རེ་ཞུའི་བརྒྱུད་རིམ་རྒྱུས་ལོན། སྲིད་ཇུས་ཀྱི་ཕན་པ་ལོངས་སྤྱོད་བཅས་བྱེད་རོགས་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་། ཚོང་དོན་ཅུས། ཁྲོམ་ར་ལྟ་འདོམས་ཅུས། འགག་སྒོ་ལས་ཁུངས་སོགས་སྡེ་ཚན་གྱི་འཐུས་མིས་ཀྱང་གཏམ་བཤད་ཧུར་ཐག་སྤེལ་ཏེ་སྲོལ་མཐུན་གཉེར་སྐྱོང་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་ཁྲལ་དོན་ཁོངས་གཏོགས་ཀྱིས“ཁྲལ་བསྡུ་དང་། ཁྲིམས་སྐྱོང་། གཞུང་དྲང”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཁྲལ་བསྡུ་དོ་དམ་གྱི“རྨང་བརྟན་འདུ་འགོད”ལ་སྔར་བས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་པོས་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ་རེད།