ཁྲེང་ཏུའི་སྨན་ཁང་འདིར་སྨན་པ་བསྟེན་པར་འགྲོ་མཁན་ཚོས་དོ་སྣང་གནང་རོཊ
ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་ཡན་ལག་སྨན་ཁང་གིས་རྒྱ་ཆེའི་མང་ཚོགས་སྨན་པ་བསྟེན་པར་དེ་བས་སྟབས་བདེ་ཡོང་ཆེད། ཨང་ཀི་བཀག་སྟངས་སོགས་ཕྱོགས་ཡོངས་ནས་ལེགས་སུ་བཏང་འདུག ཞིབ་ཕྲའི་གནས་ཚུལ་གཤམ་གསལ།
དང་པོ། ཨང་ཀི་བཀག་སྟངས།
སྐད་འཕྲིན་ནས་ཨང་ཀི་སྔོན་མངགས་བྱས་ཚེ། ཧྭ་ཤིས་སྨན་ཁང་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་ཡི་ཡན་ལག་སྨན་ཁང་གིས་དེ་བས་གནད་སྨིན་དང་ཐད་ཀའི་དུས་མཚམས་གདམ་ག་བྱ་རྒྱུ་གསར་དུ་བཟོས་འདུག་ལ། སྨན་ཁང་དུ་ཡོང་ནས་ཨང་ཀི་བཀག་ནའང་སྤ་སེའི་ཐོག་སྨན་བཅོས་ཀྱི་དུས་ཚོད་གསལ་པོ་བཀོད་ཡོད་པ་རེད། དེར་བརྟེན་ནད་པས་རང་ཉིད་ཀྱི་དུས་ཚོད་ལ་བལྟས་ནས་སྨན་བཅོས་དུས་མཚམས་བདམས་ཏེ་དེ་བས་སྟབས་བདེའི་ངང་སྨན་བཅོས་བྱེད་ཆོག
རེ་བར་ཚང་མས་ཨང་ཀི་བཀག་པའི་དུས་ཚོད་གཞིར་བཟུང་སྐར་མ་15ནས་30ཡི་གོང་དུ་སྨན་ཁང་དུ་ཕེབས་རོགས།
གཉིས་པ། ཨང་ཀི་འབོད་སྟངས།
1. འབྱོར་ཐོ་བཀོད་ཟིན་པའི་ནད་པའི་སྨན་བཅོས་ཀྱི་གོ་རིམ་ནི་ཨང་ཀི་བཀག་པའི་སྔ་རྗེས་ལྟར་རིམ་པས་འབོད་ཀྱི་ཡོད།
2. “སྨན་པ་བསྟེན་མཁན་རེ་དང་བརྟག་དཔྱད་བྱས་འབྲས་སྟོན་མཁན་རེ”གོ་རིམ་བཞིན་འབོད་ཀྱི་ཡོད།
འདི་ལྟར་བྱས་པས་སྨན་པ་བསྟེན་མཁན་དུས་ཐོག་ཏུ་སྨན་པ་བསྟེན་ཐུབ་པ་བྱུང་ཡོད་ལ་བརྟག་དཔྱད་བྱས་འབྲས་སྟོན་མཁན་ལ་ཡང་བརྟག་དཔྱད་བྱས་འབྲས་གང་མགྱོགས་སྟོན་ཐུབ་པ་བྱུང་ཡོད།
གསུམ་པ། དོ་སྣང་བྱེད་དགོས་རིགས།
གལ་ཏེ་འབྱོར་ཐོ་བཀོད་ཟིན་པའི་ནད་པས་ཨང་ཀི་འབོད་སྐབས་དུས་ཐོག་ཏུ་སྨན་བཅོས་བྱེད་པར་འགྲོ་མ་ཐུབ་ཚེ་དངངས་སྐྲག་གནང་དགོས་དོན་མི་འདུག གང་ཡིན་ཟེར་ན་བསྐྱར་དུ་རྩ་གཉིས་ཨང་རྟགས་བཤེར་ན་སླར་ཡང་བང་བསྒྲིགས་ཏེ་ཨང་ཀི་འབོད་པའི་གོ་སྐབས་རག་གི་འདུག
འོན་ཀྱང་བསྐྱར་དུ་བང་བསྒྲིགས་རྗེས་ཀྱི་སྨན་བཅོས་བྱེད་པའི་གོ་རིམ་ནི་མིག་སྔའི་འབྱོར་ཐོ་འགོད་པའི་དུས་མཚམས་ཀྱི་ཨང་ཀི་མཇུག་ཤོས་དེ་ཡིན།
དཔེར་ན། གལ་ཏེ་ཁྱེད་རང་གིས་སྔོན་མངགས་བྱས་པ་དེ་ཆུ་ཚོད་08:00ནས་08:30བར་ཡིན་ཡང་། དོན་དངོས་ཐོག་སྨན་ཁང་དུ་འབྱོར་བའི་ཆུ་ཚོད་09:05ལ་ཡིན་ཚེ། ཁྱེད་རང་གི་སྨན་བཅོས་གོ་རིམ་དེ་09:00ནས་09:30བར་གྱི་ཨང་ཀི་མཇུག་ཤོས་དེར་བཀོད་སྒྲིག་བྱེད་ཀྱི་ཡོད།