མཇིང་ཚིགས་ཀྱི་ནད་འགོག་པའི་ཐབས་མཆོག་འདིར་ཡོད།
གལ་ཏེ་མཇིང་ཚིགས་ཀྱི་ནད་ཕོག་ཚེ། མགོ་བོ་དང་། མཇིང་པ། དཔུང་པ་བཅས་ལ་ན་ཟུག་གཏོང་བའི་ཁར་ལག་པ་སྦྲིད་པའི་ཚོར་སྣང་ཞིག་ཡོང་བ་མ་ཟད། ཐ་ན་ལུས་པོར་ཉོབ་མདངས་སླེབས་ནས་ལས་ཀ་གང་ཞིག་ཀྱང་བྱེད་འདོད་མེད་པར་ཉི་མ་ལོ་ལས་རིང་བའི་ཚོར་སྣང་ཞིག་ཡོང་གི་ཡོད། དེར་བརྟེན། རྒྱུན་དུ་ནས་མཇིང་ཚིགས་ནད་འགོག་བཅོས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བས། ང་ཚོས་གཤམ་གསལ་གྱི་འགུལ་སྟངས་ལྟར་ལུས་སྦྱོང་བྱས་ན་ནད་འདི་ཐོན་རྒྱུ་སྔོན་འགོག་བྱེད་ཐུབ་ཀྱི་འདུག