དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱིས་ས་མཐོའི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་ཕན་སྐུལ་བྱེད་པ།

    བོད་སྨན་སྣ་ཁ་1829རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་འགུལ་རྣམ་ལེགས་སྒྲིག་དང་རྒྱུན་འཛིན་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་མ་ཐེབས་ནས། མང་ཚོགས་ཀྱི་སྨན་པ་བསྟེན་པ་དང་སྨན་བེད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ་པ་བྱུང་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་བོད་སྨན་སྣ་ཁ་1829སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་བཅུག་པ་དང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་སྤྱོད་ཟད་གྲོན་གྱི་རྒྱུ་ཆ་ཡང་དེ་དང་ཆབས་ཅིག་ཁྱབ་ཁོངས་དེའི་ནང་བཅུག་པས“འཇལ་དགོས་རིགས་ཚང་མ་འཇལ་དགོས་པ”མངོན་འགྱུར་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལེགས་སྒྲིག་དབང་ཚད་དང་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ལོ་ལྔ་བསྟུད་མར་གཞི་རྩའི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ལ་འགུལ་རྣམ་ལེགས་སྒྲིག་བྱེད་པའི་ལས་དོན་ཞིབ་ཚགས་སྤེལ་བ་དང་། ཆ་རྐྱེན་དང་མཐུན་པའི་མི་རིགས་ཀྱི་སྨན་རྫས་དང་། སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར། ཀྲུང་ལུགས་སྨན་རྫས་སོགས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་སུ་དུས་ཐོག་ཏུ་བཅུག་པ་དང་། དེའི་ནང་མི་རིགས་ཀྱི་སྨན་རྫས་སྣ་ཁ(རྒྱལ་སྨན་ཆོག་འཐུས་བོད་སྨན)103དང་། བོད་ལུགས་གསོ་རིགས་ཀྱི་སྨན་སྦྱོར་སྣ་ཁ་1394 བོད་སྨན་འཐུང་རིལ་སྣ་ཁ་286བཅས་ཡོད་པ་དང་། དུས་མཚུངས་སུ་སྤྱོད་གཅིག་མའི་བོད་སྨན་ཁྲག་གཏར་ཁུག་མ་སོགས་བོད་ལུགས་གསོ་རིགས་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་ཡང་དེའི་ནང་བཅུག་ཡོད་པ་རེད། རྒྱལ་ཁབ་ཀྱི་2024ལོའི་པར་གཞིའི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་གི་མི་རིགས་ཀྱི་སྨན་རྫས་སྣ་ཁ་98ནང་བོད་སྨན་སྣ་ཁ་46ཡོད་པ་དེའི་བསྡུར་ཚད་47%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།