དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐའ་སྲུང་མི་དམངས་ཉེན་རྟོག་པ་1429ལ་མཐའ་སྲུང་གི་དྲན་རྟེན་རྟགས་མ་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-04-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་ཀྱི་ལས་ཁུངས་དང་དེའི་ཁོངས་གཏོགས་ཀྱི་སྤྱི་ཁྱབ་ས་ཚིགས་དང་ཚན་པ་ཁག་གིས་མཉམ་དུ་2025ལོའི་འཁོར་གྱི་མཐའ་སྲུང་གི་དྲན་རྟེན་རྟགས་མ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། མཐའ་སྲུང་མི་དམངས་ཉེན་རྟོག་པ་1429ལ་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ལས་ཁུངས་ཀྱི་གསེར་དང་། དངུལ། ཟངས་བཅས་ལས་གྲུབ་པའི་མཐའ་སྲུང་གི་དྲན་རྟེན་རྟགས་མ་སྤྲད་པ་རེད།

    《རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ལས་ཁུངས་ཀྱི་མཐའ་སྲུང་གི་དྲན་རྟེན་རྟགས་མ་སྤྲོད་པའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་དང་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་གྱི་རིགས་གསུམ་པ་ཡན་གྱི་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་ལ་ལས་ཀ(རིགས་གསུམ་པ་ཡན་གྱི་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་ལ་ལས་ཀ་བྱེད་མྱོང་བའི་མཐའ་སྲུང་མི་དམངས་ཉེན་རྟོག་པ་ཚུད་པ)ལོ་30དང་། ལོ་20 ལོ་10བཅས་ལོན་པའི་སྒྲིག་ཁོངས་སུ་ཚུད་ཅིང་ལས་གནས་སུ་ཡོད་མུས་ཀྱི་གནས་སྤོས་མི་སེར་དོ་དམ་བྱེད་མཁན་ཉེན་རྟོག་པ་ཡིན་ཕྱིན་སོ་སོར་གསེར་དང་། དངུལ། ཟངས་བཅས་ལས་གྲུབ་པའི་དྲན་རྟེན་རྟགས་མ་སྤྲོད་ཀྱི་ཡོད་ཅིང་། ལོ་རེར་ཐེངས་རེ་སྤྲོད་ཀྱི་ཡོད། 2022ལོར་དྲན་རྟེན་རྟགས་མ་སྤྲོད་པའི་ལམ་སྲོལ་བཟོས་རྗེས། ལོ་ལྟར་མཐའ་སྲུང་མི་དམངས་ཉེན་རྟོག་པར་མཐའ་སྲུང་གི་དྲན་རྟེན་རྟགས་མ་སྤྲོད་པ་དང་། ད་རེས་སྤྲོད་ཐེངས་གསུམ་པ་ཡིན་པ་རེད།

    མཐའ་སྲུང་གི་དྲན་རྟེན་རྟགས་མ་སྤྲད་པ་ནས་བཟུང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་པ་དང་། མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། སྔར་བས་སྤྲོ་སྣང་དང་དམ་བཅའ་བརྟན་པོས་མཐའ་མཚམས་ལ་གཞི་ཚུགས་པ་དང་། མཐའ་མཚམས་ལ་ལེགས་སྐྱེས་འབུལ་བ། མཐའ་མཚམས་ལ་བྱས་རྗེས་འཇོག་པ་དང་། སྔར་བས་དཔའ་སྟོབས་ཆེར་སྐྱེད་ཀྱིས་མཐའ་མཚམས་ཀྱི་ཡུན་རིང་བདེ་འཁོད་དང་དར་རྒྱས་བརྟན་ལྷིང་མཐའ་གཅིག་ཏུ་བསྲུངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུར་ལྕག་སྐུལ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།