དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-04-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་2ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་གི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་2025ལོའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོ“གང་བྱུང་བཞི”དང་། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད། ཁེ་ལས་ཀྱི་མ་གནས་ཁུར་པོ་ལྕི་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་པ་རེད།

    འདས་ཟིན་པའི་ལོ་གཅིག་རིང་ས་ཁུལ་དང་སྡེ་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཁེ་ལས་ལ་ཕན་པ་དང་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་དོན་གནད་ཀྱི་གསལ་ཐོ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་བྱེད་པ། ཁེ་ལས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་གི་ལས་དོན་གཏིང་ཟབ་སྤེལ་བས་ཁྲལ་རིན་གཉིས་གཅོག་དང་མ་གནས་དམའ་རུ་གཏོང་བར་ཚད་བརྒལ་གསར་པ་བྱུང་བ་དང་།  ཁེ་ལས་དང་འབྲེལ་བའི་སྒྲིག་འགལ་གྱི་གནད་དོན་བཅོས་སྒྲིག་ལ་འཕེལ་རིམ་གསར་པ་བྱུང་བ། ཁེ་ལས་ཀྱི་ཞབས་ཞུའི་ཆུ་ཚད་ལེགས་སུ་ཕྱིན་ཡོད་པ་རེད།

    ཚོགས་འདུའི་ཐོག་2025ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱེད་སྐབས་འགྲོ་གྲོན་གང་བྱུང་དུ་བསྡུ་བ་དང་། ཞིབ་བཤེར་གང་བྱུང་དུ་བྱེད་པ། ཆད་པ་གང་བྱུང་དུ་གཅོད་པ། སྒོ་ཐེལ་གང་བྱུང་དུ་རྒྱག་པ་སོགས་ཀྱི“གང་བྱུང་བཞིའི”གནད་དོན་ལ་དམིགས་ནས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་གྱི་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། འགྲོ་གྲོན་གང་བྱུང་དུ་བསྡུ་བའི་བྱེད་སྤྱོད་ཐག་གཅོད་བྱེད་ཐབས་བཟོས་ནས་འདོན་པ། ཆད་པ་བཅད་དེ་འབབ་འཕར་ཡོང་ཐབས་བྱེད་པ་དང་། ཆད་པ་བཅད་དེ་དོ་དམ་བྱེད་པ། ཁེ་བཟང་ཧམ་གཉེར་གྱི་ཆད་པ་གཅོད་པ་སོགས་ཀྱི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཁྲིམས་སྒྱུར་ལྟ་སྐུལ་གྱི་ནོར་འཁྲུལ་ཡོ་བསྲང་དང་འགན་འདེད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་ལ་དམིགས་ནས་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་བྱེད་སྤྱོད་གཙང་སེལ་མགྱོགས་པོ་བྱེད་པ་དང་། འབྱུང་རྩ་ནས་དོ་དམ་ནན་པོ་བྱེད་པ། གསར་འཕར་འགྱངས་ཆད་ལ་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་འགྱངས་ཆད་ཀྱི་ཐེར་འདོན་ལས་སྟེགས་འཛུགས་པ་བཅས་བྱས་ནས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ལུགས་བཏོན་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། ཁེ་ལས་ཀྱི་མ་གནས་ཁུར་པོ་ལྕི་བའི་གནད་དོན་ལ་དམིགས་ཏེ་ཁྱབ་རྒྱ་ཆེ་རུ་བཏང་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། རེས་སྐོར་གསར་པའི་ལས་རིགས་གཙོ་གནད་ཆེ་གྲས་བཅུའི་འཕར་བརྟན་པའི་ལས་ཀའི་ཇུས་གཞི་ལག་བསྟར་བྱེད་པ། བཟོ་སྐྲུན་ལས་རིགས་ལ་ཡིད་རྟོན་དངུལ་བུན་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་ཆུང་དུ་ནུས་ལྡན་གཏོང་བ་བཅས་བྱས་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།