ཧོའེ་ཧོ་གཙང་པོ་ཟམ་ཆེན་མགྱོགས་མྱུར་སྐྲུན་བཞིན་པ།
འདི་ནི་ཁྲུའུ་ཀྲོའུ་གྲོང་ཁྱེར་ཧྥུང་དབྱང་རྫོང་དུ་གནས་པའི་རྒྱལ་ལམ་G329ཡི་ལིན་ཧོའེ་ཀོན་གྱི་ཧོའེ་ཧོ་གཙང་པོ་སྒྲོལ་བའི་ཟམ་ཆེན་སྐྲུན་ཡུལ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཅུན་ཤིས་ཀྱིས་པར་བླངས)
མིག་སྔར། ཨན་ཧུའེ་ཞིང་ཆེན་པེང་པུའུ་གྲོང་ཁྱེར་དང་ཁྲུའུ་ཀྲོའུ་གྲོང་ཁྱེར་བར་གནས་པའི་ཧོའེ་ཧོ་གཙང་པོའི་ཟམ་ཆེན་འཛུགས་སྐྲུན་ལས་དོན་བརྟན་པོའི་ངང་སྒྲུབ་བཞིན་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཞི་པའི་འཛུགས་སྐྲུན་པ་ཚོས་དཔྱིད་དུས་གནམ་གཤིས་ཡག་པའི་སྐབས་དང་བསྟུན་ནས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་ཀྱིས་ཚད་གཞི་དང་སྤུས་ཚད་མཐོ་པོས་ཟམ་ཆེན་མགྱོགས་མྱུར་སྐྲུན་བཞིན་ཡོད།