དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་གནས་ཁག་གིས་དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་འདས་མཆོད་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-07

    ཟླ་4ཚེས་4ཉིན། དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ཅིག་གི་དཔོན་དམག་གིས་བོད་ལྗོངས་སྤོ་བོ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ། བོད་ལ་བཅིངས་འགྲོལ་གཏོང་སྐབས་དང་ཁྲོན་བོད་གཞུང་ལམ་སྐྲུན་སྐབས་སྐུ་གཤེགས་པའི་དཔའ་བོ་ཚོར་མེ་ཏོག་སོས་པ་འབུལ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

    ཟླ་4ཚེས་4ཉིན། ལས་རིགས་ཁག་གི་མི་སྣས་ནན་ཅིང་ཡུས་ཧྭ་ཐའེ་དཔའ་བོའི་བང་སོ་ཁང་དུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བཞིན་པ། ཧུའུ་ཤའོ་ཡིས་པར་བརྒྱབ།

    དྭངས་གསལ་དུས་ཚིགས་སུ། ས་གནས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་དུར་ཕྱགས་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཏེ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་པ་རེད།

    ཟླ་4ཚེས་3ཉིན། ཅི་ལིན་ཐུང་ཧྭ་གྲོང་ཁྱེར་དབྱང་ཅིང་ཡུས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དཔའ་བོ་དབྱང་ཅིང་ཡུས་ལ་དྲན་གསོ་ཞུ་བའི་སྤྱི་མཆོད་བྱེད་སྒོ་སྤེལ་བར་བྱང་ཤར་རི་འགོག་མཉམ་འབྲེལ་དམག་གི་འགོ་དམག་གི་རྗེས་རབས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་ཁྱོན་700ལྷག་ཙམ་ཞུགས་ཡོད་པ་རེད།

    ཟླ་4ཚེས་2ཉིན། ཧེ་ལུང་ཅང་ཞིང་ཆེན་གཞོན་ནུ་ལོ་ཆུང་གི“རྒྱུན་འཛིན། 2025ལོ། དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་འདས་མཆོད་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་ཉིན་མོའི་ཞིང་ཆེན་རིམ་པའི་དཔེ་སྟོན་བྱེད་སྒོ་མུའུ་ཏན་ཅང་གྲོང་ཁྱེར་དུ་སྤེལ་བ་དང་། ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་ན་གཞོན་གྱི་འཐུས་མི་དང་དེ་བཞིན་སྡེ་ཚོགས་དང་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་བཅས་མི་300ལྷག་ཙམ་བྱེད་སྒོར་ཞུགས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་པ་རེད།

    ཟླ་4ཚེས་4ཉིན་གྱི་ཞོགས་པར། ཧྲང་ཧའེ་གྲོང་ཁྱེར་གྱི་ཧོང་ཕུའུ་དང་། ཕུའུ་ཐུའོ། ཅིང་ཨན་བཅས་ཆུས་གསུམ་གྱིས་ལྔ་པའི་སུམ་བཅུའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི“དྭངས་གསལ་དུས་ཚིགས་སུ་དཔའ་བོར་འདས་མཆོད་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    ཟླ་4ཚེས་4ཉིན། ཧུའུ་པེ་ཞིང་ཆེན་ཏང་དབྱང་གྲོང་ཁྱེར་སུ་གནས་པའི་ཧུའུ་པེ་ཤང་ཤིས་གསར་བརྗེའི་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོ་ལྗང་ལྗོན་ཤིང་གིས་བསྐོར་བ་དང་། མི་རྣམས་ཀྱིས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་གུས་མཇལ་ཞུ་བ་དང་མེ་ཏོག་སོས་པ་ཕུལ་ནས་མྱ་ངན་ཞུ་བའི་བསམ་པ་མཚོན་པར་བྱས་པ་དང་། དྲན་གསོ་ཁང་དུ་བསྐྱོད་དེ་གསར་བརྗེའི་ཤུལ་དངོས་ལ་ལྟ་སྐོར་དང་གསར་བརྗེའི་འདས་སོང་ལ་ཕྱིར་དྲན་བྱས་པ་རེད།

    ཟླ་4ཚེས་2ཉིན། སི་ཁྲོན་དང་ཁྲུང་ཆིང་གི“རྒྱུན་འཛིན། 2025ལོ། དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་འདས་མཆོད་བྱེད་པའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང“སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད”གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁྲུང་ཆིང་གྲོང་ཁྱེར་ཐུང་ནན་ཆུས་སུ་སྤེལ་བ་རེད།

    དྭངས་གསལ་དུས་ཚིགས་ཀྱི་གོང་དུ། དམག་ཡོངས་ཀྱི་དཔུང་སྡེ་ཁག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོར་དུར་ཕྱགས་དང་འདས་མཆོད་བྱེད་པའི་བྱེད་སྒོ་སྤེལ་ཏེ་བྱ་ཐབས་སྣ་མང་ཐོག་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་ལ་ཞུན་བརྡར་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་འཁུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།