ཕེ་རུས་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ།
འདི་ནི་ཡུལ་སྐོར་བས་ཤིང་རྟ་འཁོར་ལོར་བསྡད་ནས་ལི་མ་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད་པའི་མཚོན་ཆའི་ཐང་ཆེན་ལ་ལྟ་སྐོར་བྱེད་བཞིན་པ།(འདི་ག་ཚགས་པར་གྱི་གསར་འགོད་པ་སུང་དབྱི་རན་གྱིས་པར་བརྒྱབ)
མ་ཆིའུ་པི་ཆིའུ་དབྱིན་ཅ་ཡི་གནའ་ཤུལ་ནི་ཕེ་རུའི་རིག་གནས་ཀྱི་མིང་བྱང་ཞིག་ཡིན་པས། རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་ལྟ་སྐོར་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད། འདི་ནི་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་དྲན་རྟེན་པར་རྒྱག་བཞིན་པ།(འདི་ག་ཚགས་པར་གྱི་གསར་འགོད་པ་སུང་དབྱི་རན་གྱིས་པར་བརྒྱབ)
ཉེ་ཆར་ཕེ་རུའི་ཕྱིར་གཏོང་དང་ཡུལ་སྐོར་སྐུལ་སྤེལ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་ཕེ་རུས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་325ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། སྒྲིག་གཞི་དེས་མ་གཞི་རྒྱལ་སྤྱིའི་ཡུལ་སྐོར་བའི་གྲངས་འབོར་2019ལོའི་ཆུ་ཚད་དུ་སླར་གསོ་ཐུབ་མེད་མོད། འོན་ཀྱང་ཡུལ་སྐོར་ལས་རིགས་ཀྱིས་བཏོད་པའི་ཕྱི་དངུལ་ཡོང་འབབ་2019ལོའི་ཆུ་ཚད་ལས་བརྒལ་ནས་ཨ་སྒོར་དུང་ཕྱུར་50ཙམ་ཟིན་ཡོད་ཅེས་བརྗོད་པ་རེད། ཕེ་རུའི་ཕྱིར་གཏོང་དང་ཡུལ་སྐོར་སྐུལ་སྤེལ་ཨུ་ལྷན་གྱི་ཀྲུའུ་ཞི་ལི་ཁ་ཏུའོ·ལི་མོ་ཡིས་2025ལོར་ཕེ་རུས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་440ལ་སྣེ་ལེན་ཞུ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།