དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་ལ་གཞོལ། ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་ལེགས་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-07

    འདི་ནི་མེ་ཟོན་རུ་མིས་ས་གནས་དེ་གའི་མང་ཚོགས་ལ་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།

    འདི་ནི་མེ་ཟོན་རུ་མིས་ས་གནས་དེ་གའི་མང་ཚོགས་ལ་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་དཔུང་ཁག་ཧྲག་པོ་མངགས་ནས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་བསྐྱོད་དེ་ནགས་ཚལ་གྱི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ཤེས་བྱ་མང་ཚོགས་ཚང་མའི་སེམས་སུ་ཟུག་གང་ཐུབ་བྱས་ཡོད།

    མེ་ཏོག་རྫོང་འབྲས་སྤུངས་ཤང་དུ་མེ་ཟོན་རུ་མི་ཚོས་དྲིལ་བསྒྲགས་ས་ཚིགས་བཙུགས་པ་དང་དྲིལ་བསྒྲགས་འགྲེམས་པང་བཤམས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ནགས་ཚལ་གྱི་མེ་ཟོན་དྲིལ་བསྒྲགས་ལག་དེབ་སྤྲད་ནས། གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་བར་བཅུག་རི་མོར་བརྟེན་ནས་ནགས་ཚལ་མེ་ཟོན་གྱི་གལ་ཆེའི་རང་བཞིན་དང་། ནགས་ཚལ་མེ་སྐྱོན་གྱི་རྒྱུན་མཐོང་གི་མངོན་མེད་རྐྱེན་ངན། དེ་བཞིན་ནགས་ཚལ་མེ་སྐྱོན་ལ་ཁ་གཏད་གཅོག་ཐབས་བཅས་གསལ་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།