དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྗང་མདོག་མཉམ་ལས་ལས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་རྒྱལ་ཁབ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-06

    འདི་ནི་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཕྱི་རྒྱལ་དུ་མ་རྩ་འཇོག་མཁན་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་དང་གཉེར་སྐྱོང་བྱེད་པའི་ཕ་ཁི་སི་ཐན་གྱི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་ཡིན་པ། འདི་ག་ཚགས་པར་ཕ་ཁི་སི་ཐན་ཡན་ལག་ཁང་གི་ཝཱ་ཁ་སི·ཨ་ཧེ་མའེ་ཏེ་ཡིས་པར་བརྒྱབ།

    འདི་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་སེར་པི་ཡའི་སཱ་ལཱ་ཨོར་ཆི་འོད་ཤུགས་རྣམ་གྲངས་ཡིན་པ། ལིའུ་པི་སཱ་ཧྥུའུ་ལེ་ཝུའེ་ཆི·པོ་ཚི་ཏ་ཡིས་པར་བརྒྱབ།

    ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་ནི་ཀྲུང་གོ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ཨེ་ཅིབ་ཡན་ལག་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨར་སྐྲུན་བྱེད་སྐབས་ལྗང་མདོག་བཟོ་སྐྲུན་གྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་ཡོད། འདི་ནི་རྣམ་གྲངས་དེའི་སྡོད་ཁང་ཐོག་བརྩེགས་ཁང་ཆེན་ཞིག་ཡིན་པ་དང་། ཕྱི་ངོས་ཀྱི་ཇུས་འགོད་དང་རྒྱུ་ཆ་བེད་སྤྱོད་སོགས་ཐད་ནུས་རྒྱུ་བསྲི་ཆགས་ཀྱི་འདུ་ཤེས་བཟུང་སྟེ་འཛུགས་སྐྲུན་གྱི་ནུས་རྒྱུ་ཟད་གྲོན་ཆུང་དུ་ནུས་ལྡན་བཏང་བའི་གནས་ཚུལ་ཡིན་པ། འདི་ག་ཚགས་པར་ཨེ་ཅིབ་ཡན་ལག་ཁང་གི་ཤིན་ཏེ·ཧྥ་ཏི·མོ་ཧན་མུའུ་ཏེས་པར་བརྒྱབ།

    ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ལྟེ་བའི་ཚོང་དོན་ཁུལ་རྣམ་གྲངས་ཀྱི་ནུས་རྒྱུ་ལྟེ་གནས་སུ་བཙུགས་པའི་དྲོད་སྙོམས་འཕྲུལ་ཆས་ཀྱི་ཆུ་འཐེན་འཕྲུལ་འཁོར་གྱིས་དྲོད་སྙོམས་འཕྲུལ་ཆས་མ་ལག་འཁོར་རྒྱུག་ལ་སྒུལ་ཤུགས་མཁོ་འདོན་བྱས་པས་གློག་ནུས་གྲོན་ཆུང་ཐུབ་ཀྱི་ཡོད་ཅིང་། འདི་ནི་ལས་དོན་པས་ཆུ་འཐེན་འཕྲུལ་འཁོར་ལ་བརྟག་དཔྱད་དང་ཉམས་གསོ་བྱེད་བཞིན་པ། འདི་ག་ཚགས་པར་ཨེ་ཅིབ་ཡན་ལག་ཁང་གི་ཤིན་ཏེ·ཧྥ་ཏི·མོ་ཧན་མུའུ་ཏེས་པར་བརྒྱབ།

    དབྱི་རག་གི་ཧ་ཧྥ་ཡ་རང་བྱུང་སོལ་རླངས་གཙང་གསིང་བཟོ་གྲྭའི་རྣམ་གྲངས་ནི་ཀྲུང་གོ་རྡོ་སྣུམ་ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་ཞིང་། ལས་འགན་གཙོ་བོ་ནི་ཧ་ཧྥ་ཡ་སྣུམ་ཞིང་གི་ལྟེ་བའི་སྣུམ་རླངས་གཙང་གསིང་བཟོ་གྲྭ་3གྱི་སྣུམ་རླངས་གཙང་གསིང་བྱས་ཏེ་ས་ཁུལ་དེའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། འདི་ནི་ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་པས་ས་གནས་དེ་གའི་ལས་མི་འཁྲིད་དེ་སྙོམ་སྒྲིག་གཅུས་སྒོར་ལ་བརྟག་དཔྱད་བྱེད་བཞིན་པ། འདི་ག་ཚགས་པར་དབུས་ཤར་ལྟེ་བའི་ཡན་ལག་ཁང་གི་དབྱི་ནཱ་སེ·དབྱི་པུའུ་ལཱ་ཤིན་གྱིས་པར་བརྒྱབ།

    ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་འཚོགས་པའི་པི་ཡ་ཏི་ནུས་རྒྱུ་གསར་པའི་རླངས་འཁོར་གསར་པའི་འགྲེམས་བསྒྲགས་ཚོགས་འདུའི་ཐོག་སྐུ་མགྲོན་གྱིས་རླངས་འཁོར་ལ་ལྟ་བཞིན་པ།འདི་ག་ཚགས་པར་ཕོ་ལན་ཡན་ལག་ཁང་གི་ཧྥེར་ཅི·ཨའོ་ཏི་ལུའོ་ཡིས་པར་བརྒྱབ།

    ལྗང་མདོག་ནི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཞི་ཆོས་མངོན་གསལ་དོད་ཤོས་ཤིག་རེད། ལོ་མང་རིང་ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཕ་ཁི་སི་ཐན་གྱི་སུའུ་ཅི་ཅི་ནཱ་ལི་ཆུ་ཤུགས་གློག་ཁང་གི་དྲག་ཏུ་རྒྱུག་པའི་ཆུ་བོ་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་སྒྲོན་ཁྲ་ཆི་ལེར་སྤོར་རྒྱུ་བྱུང་བ་དང་། འཁོར་བའི་རླུང་འཁོར་གྱི་སྒྲོ་གཤོག་དཀར་པོས་པར་ཙིར་གྱི་སའེ་ཨ་ལཱ་ཀྲོའུ་རུ་ནུས་རྒྱུ་གཙང་མ་རྒྱུན་ཆད་མེད་པར་སྐྱེལ་བ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེ་རུའེ་མུའུ་གླིང་ཕྲན་གྱི་མཚོ་སྒྲོལ་ཟམ་པའི་རྣམ་གྲངས་འགྲམ་དུ་ཤིང་དམར་ནགས་ཚལ་ཆེན་པོ་ཞིག་སྐྱེ་འཚར་ཡག་པོ་ཡོད་པ་སོགས། ཀྲུང་གོས་བསྐྱར་སྐྱེས་ནུས་རྒྱུ་དང་། ནུས་རྒྱུ་བསྲི་ཆགས་དང་ཁོར་ཡུག་སྲུང་སྐྱོང་། གཙང་ལྡན་ཐོན་སྐྱེད་སོགས་ཁྱབ་ཁོངས་ཀྱི་ལེགས་ཆ་གང་ལེགས་བཏོན་པ་དང་ཀྲུང་གོའི་ལག་རྩལ་བེད་སྤྱོད་དང་། ཀྲུང་གོའི་ཐོན་རྫས་མཁོ་འདོན། ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།