དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོར་མཚོ་སྔོན་མཚོ་ལྷོའི་བཟོ་ལས་དཔལ་འབྱོར་འཕེལ་ངོ་བཟང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-04-06

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་གི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ཀྲོའུ་དེའི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ལ་འགོ་འཛུགས་བརྟན་པ་དང་། བསྐྱར་འཕར་ནུས་ལྡན། འཕེལ་ངོ་ལེགས་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་འཕར་ཚད་8%དུ་བརྟན་པོར་གནས་པ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་སྤྱི་འབོར་སྔོན་དཔག་བྱས་ན་དུང་ཕྱུར་8.95ཟིན་ཏེ་དུས་མཚུངས་ལས་5%འཕར་བཟོ་ཡོད་པ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་1.2ཟིན་ཏེ་དུས་མཚུངས་ལས་ལྡབ་2.5འཕར་ནས་ལོ་འཁོར་མོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ལྷོ་ཀྲོའུ་ཡིས“ཀྲོའུ་དང་རྫོང་མཉམ་འགུལ་དང་ཆེད་དོན་ཚན་ཁག་གི་ཞབས་ཞུ་ཟུང་འབྲེལ”གྱི་གཉིས་ལྡན་ལམ་སྲོལ་བཏོད་དེ“རེའུ་མིག་རེ་ལ་གསལ་ཐོ་རེ་དང་གསལ་ཐོ་རེ་ལ་ལམ་སྲོལ་རེའི”ལུགས་བཞིའི་ལས་དོན་གྱི་མ་ལག་ལ་བརྟེན་ནས་ཀྲོའུ་དང་རྫོང་རིམ་པ་དབར་ཟླ་ཕྱེད་ལ་བབ་བསྟུན་བཀོད་གཏོང་བྱ་རྒྱུ་ལག་ལེན་བསྟར་ཡོད། ཆེད་དོན་ཞབས་ཞུའི་ཚོགས་ཆུང་6བཙུགས་ནས་གཙོ་གནད་ཁེ་ལས་60ལྷག་ཙམ་ལ་གཤམ་སྐྱོད་བྱས་ཏེ་ལས་མི་དང་ནུས་ཤུགས་འདོན་པ་དང་ཁྲོམ་ར་གསར་འབྱེད་བྱེད་པ་སོགས་ཆེད་དོན་ཞབས་ཞུ་རིགས་6སྤེལ་ཡོད། “ཁེ་ལས་རེ་ལ་སྲིད་ཇུས་རེ”བཟོས་ནས་རོགས་སྐྱོར་གནད་སྨིན་བྱས་ཤིང་། མིག་སྔའི་བར་ཀྲོའུ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་68ལས་འགོ་བསྐྱར་དུ་འཛུགས་ཚད་96%ཟིན་པ་དང་ཐོན་ནུས་སླར་གསོ་ཐུབ་ཚད་བཅུ་ཆ་དགུ་ཡན་ཟིན་ཡོད། “འཁོར་འབྲེལ་གཙོ་བོས་སྣེ་ཁྲིད་དང་ལྷན་སྦྱར་རྗེས་སྙེག”གི་ཆེད་དོན་བྱ་སྤྱོད་སྤེལ་ནས་སྐྱེ་ལྡན་ལུད་དང་། གཟན་རྩྭ། ནུས་རྒྱུ་གཙང་མ། ཨར་སྐྲུན་རྒྱུ་ཆ་བཅས་ཀྱི་ལས་རིགས་ཀྱི་གོང་འོག་ཁེ་ལས“ལག་གདང་སྦྲེལ་ནས་མཉམ་ལས”བྱེད་པར་སྐུལ་འདེད་བཏང་སྟེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།