མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ཆོས་ལྡན་པའི“སྙིགས་ མེད་རྣམ་པ”བཏོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱིས་བཟོ་ལས་དང་། ཞིང་ལས། འཚོ་བ། འཛུགས་སྐྲུན་བཅས་ཀྱི་གད་སྙིགས་དང་ཉེན་ཆེའི་ཟོག་རོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ས་མཐོའི“སྙིགས་མེད་ཕྲ་ཕུང”དང“སྙིགས་མེད་གླིང་ཁུལ”སོགས་ཁྱད་ཆོས་ལྡན་པའི་རྣམ་པ་བཏོད་དེ་སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་གཙོ་བོ་བྱེད་པ། སྤྱི་དམངས་ཞུགས་པ་བཅས་ཀྱི་མཉམ་སྐྱོང་རྣམ་པ་ཆགས་པར་སྐུལ་འདེད་གཏོང་གི་ཡོད་པ་རེད།
“སྙིགས་མེད་གྲོང་ཁྱེར”ནི་གྲོང་ཁྱེར་ལྗང་མདོག་དང་ཐཱན་ཉུང་ལ་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད། མཚོ་སྔོན་གྱིས་ཚད་གཞི་མཐོ་པོས་སྤྱི་འདོམས་འཆར་འགོད་མཐའ་འཁྱོངས་བྱས་ནས་ཞིང་ཆེན་རིམ་པའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་། སྡེ་ཚན་18ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་བྱས་པ། མི་གྲངས་33ལས་གྲུབ་པའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་ཚོགས་པ་བཙུགས་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལག་རྩལ་རོགས་སྐྱོར་བྱས་ཏེ“ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ་དང་། སྡེ་ཚན་དབར་མཉམ་འགུལ་བྱེད་པ། རིགས་གཅིག་མཁས་ཅན་གྱིས་འདེགས་སྐྱོར་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་ཏེ་ཡུལ་བབ་དང་བསྟུན་ནས་ས་མཐོའི་ས་ཁུལ་གྱི་སྲ་གཟུགས་སྙིགས་རོ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱས་པ་རེད། ཟི་ལིང་གྲོང་ཁྱེར་གྱིས“སྙིགས་མེད་སློབ་གྲྭ”དང“སྙིགས་མེད་བཟོ་གྲྭ” “སྙིགས་མེད་མྱུར་སྐྱེལ་དྲ་ཚུགས” “སྙིགས་མེད་4Sཚོང་ཁང”སོགས་གདེང་འཇོག་ཕྱོགས་སྟོན་རིགས་13ཁག་དབྱེ་གཏན་འབེབས་བྱས་ཏེ“སྙིགས་མེད་ཕྲ་ཕུང”འཛུགས་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་སྔ་རྗེས་སུ“སྙིགས་མེད་ཕྲ་ཕུང”957བཙུགས་པའི་ནང་སྙིགས་མེད་སློབ་གྲྭ་དང་སྙིགས་མེད་བཟོ་གྲྭ་སོགས་རིགས་21ཚུད་ཡོད་པ་རེད།