དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིས་ཧྲོང་པན་ནའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐོངས་མཆན་མི་དགོས་པའི་ཚོགས་པ་དང་པོ་རྒྱལ་མཚམས་ནང་ཡོང་བའི་རེ་ཞུ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-05

    འདི་ནི་ཡུལ་སྐོར་བས་ཀའོ་ཀྲོང་ཤིས་ཧྲོང་མཛེས་ལྗོངས་སྐར་འོད་མཚན་ཁྲོམ་ནས་ཁྱད་ལྡན་འཐུང་ཆ་ཉོ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧུའུ་ཁྲའོ་ཡིས་པར་བརྒྱབ)

    ཉེ་ཆར་ཀྲུང་གོ་ཡུན་ནན་ཞིང་ཆེན་གྱི“ཤིས་ཧྲོང་པན་ན་ཀྲོའུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐོངས་མཆན་མི་དགོས་པའི་ཡུལ་སྐོར་ཚོགས་པའི་ཆ་འཕྲིན་རེ་ཞུའི་མ་ལག”དྲ་ཞུགས་བྱས་པ་དང་འབྲེལ་ཡུལ་སྐོར་ཚོགས་པ་དང་པོ་མ་ལག་དེའི་ནང་བཅུག་ཡོད།

    ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཡིས་ཚེས་11ཉིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་ཚོགས་པ་རྒྱལ་མཚམས་ནང་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་བར་བཟོས་པའི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་18ཡོད་པ་དང་། ས་གནས་འདི་གའི་སྤྱི་བདེ་ལས་ཁུངས་ཀྱིས་དབྱིན་སྐད་དང་། ཐེ་ལན་སྐད། འབར་མའི་སྐད་སོགས་ཀྱི་སྣེ་ཤན་པ་བཀོད་སྒྲིག་བྱས་ནས“གཅིག་འཐུས་རྣམ་པའི”ཕྱི་རྒྱལ་བའི་ཞབས་ཞུའི་སྐར་ཁུང་སོགས་བཙུགས་ཏེ་ལས་སྒོ་གཉེར་བར་སྟབས་བདེ་བསྐྲུན་ཡོད།

    ཀྲུང་གོའི་རྒྱལ་ཁབ་ཡུལ་མི་གནས་སྤོ་དོ་དམ་ཅུས་ཀྱིས་ཚེས་10ཉིན་སྤྱི་བསྒྲགས་སྤེལ་ནས་ཚེས་10ཉིན་ནས་བཟུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་ཚོགས་པ་ཡུན་ནན་ཤིས་ཧྲོང་པན་ནར་ཡོང་བར་ཐོངས་་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཡུལ་ནན་ཞིང་ཆེན་ཤིས་ཧྲོང་པ་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧུང་གྲོང་ཁྱེར་དུ་ཡོད་པའི་ཀའོ་ཀྲོང་ཤིས་ཧྲོང་མཛེས་ལྗོངས་སྐར་འོད་མཚན་ཁྲོམ་གྱི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་རུབ་འདུས་ཁུལ་གྱི་གྲས་ཤིས་ཡིན་པ་དང་། མཚན་ཁྲོམ་དེས་ཉེ་བའི་ལོ་ཤས་རིང་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་ལས་རྣམ་དང་། མཚན་མོའི་ཚོང་ཟོག་སྤུས་ལེགས། ཁྱད་ལྡན་རིག་གནས་མྱོང་རོལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཤིས་ཧྲོང་པན་ན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    —— སིང་ཀ་ཕོར《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།