དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-05

     འདི་ནི་ལྟད་མོ་བས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་སྐབས་21པའི་ཐོག་ཝེ་ཐེ་ནམ་ཚོང་ཟོག་འགྲེམས་ཁང་ནས་ཝེ་ཐེ་ནམ་གྱི་ཏན་ཞིམ་ཉོ་བཞིན་པ།(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའུ་ཧྭ་ཡིས་པར་བརྒྱབ)

    2024ལོའི་ཟླ་10པར། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0དཔར་མའི་གྲོས་མོལ་ངོ་བོའི་རང་བཞིན་གྱི་ཐོག་ནས་མཇུག་འགྲིལ་བ་དེ་ནི་ཕྱོགས་གཉིས་པོའི་ཚོང་དོན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད།

    ལོ་མང་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0དཔར་མ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེས་ཀྲུང་གོའི་ཁེ་ལས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁྲོམ་རར་ཞུགས་པའི་ཚད་གཞི་དང་གཉེར་སྐྱོང་མ་གནས་དམའ་རུ་ཕྱིན་ནས། མཐར་ཁྲོམ་ར་དེ་དག་ཏུ་དེ་བས་འཐུས་སྒོ་ཚང་བ་དང་དེ་བས་མཉེན་ཆ་ལྡན་པའི་མཁོ་སྤྲོད་འཁོར་འབྲེལ་འཛུགས་རྒྱུ་རེད།

    ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཐད་ཀར་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། 2010ལོའི་ཨ་སྒོར་དུང་ཕྱུར་40ནས་2023ལོར་ཟིན་ཐོ་གསར་པ་གཏོད་པའི་ཨ་སྒོར་དུང་ཕྱུར་170བར་འཕར་ཡོད།

    མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཆ་དང་བརྟན་པོའི་རང་བཞིན་འགན་ལེན་བྱེད་པའི་འགག་རྩ་གཞན་ཞིག་ནི་ཚད་གཞིའི་གཅིག་མཐུན་རང་བཞིན་ཡིན་པ་དང་དེ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0དཔར་མའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད།

    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དེས་དཔལ་འབྱོར་འཕར་བར་སྐུལ་འདེད་ཐེབས་རྒྱུ་མ་ཟད། ད་དུང་གསར་དར་ཐོན་ལས་དང་ཚན་རྩལ་མཐོ་བའི་ཐོན་ལས་ལ་ཤེས་ལྡན་པ་མི་རབས་རྗེས་མ་གསོ་སྐྱོང་བྱ་རྒྱུ་དང་ལྷག་པར་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མི་འབོར་གྱི་གསུམ་ཆ་གཅིག་ཡན་བཟུང་བའི་ལོ་35མན་གྱི་མི་ཚོགས་ཀྱང་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། མདོར་བསྡུས་ནས་བཤད་ན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0དཔར་མ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེས་ཕྱོགས་གཉིས་དང་ས་ཁུལ་གཞན་དག་ལ་དེ་བས་འོད་སྣང་ལྡན་པ་དང་དེ་བས་དྲང་གཞག་གི་འབྱུང་འགྱུར་ཞིག་གཏོད་རྒྱུར་ཕན་ཐོགས་ཡོད་པ་དང་། འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འཁོར་རྒྱུག་རང་བཞིན་ཆེ་རུ་གཏོང་ཐུབ་པ་མ་ཟད། ད་དུང་བསམ་བློ་སྤེལ་རེས་དང་། གསར་གཏོད། མ་རྩ་འཁོར་རྒྱུག་བཅས་ལ་སྐུལ་འདེད་གཏོང་ཐུབ།

    —— སིང་ཀ་ཕོར་གྱི《ཚོང་ལས་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།