ཀྲུང་གོ་ནི་འཛམ་གླིང་ཐོག་ཕུག་ལམ་རིང་ཤོས་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་ཡིན།
འདི་ནི་2024ལོའི་ཟླ་12ཚེས་30ཉིན་བཟོ་པས་བཟོ་སྐྲུན་རླངས་འཁོར་བཏང་ནས་ཐེན་ཧྲན་རྒྱལ་ཁའི་ཕུག་ལམ་ནས་ཐོན་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཧྥེ་ཡིས་པར་བརྒྱབ)
2024ལོའི་ཟླ་12ཚེས་30ཉིན། ཀྲུང་གོས་འཛམ་གླིང་ཐོག་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་ཏེ་ཐེན་ཧྲན་རྒྱལ་ཁའི་ཕུག་ལམ་ཏལ་འབིགས་ཐུབ་ཡོད་པ་རེད། ཕུག་ལམ་དེའི་རིང་ཚད་སྤྱི་ལེ་22.13ཟིན་པ་དང་། དེ་ནི་ཤིན་ཅང་ཝུའུ་ཝེ(ཝུའུ་ལུའུ་མུའུ་ཆི་ནས་ཝེ་ལི)མྱུར་བགྲོད་གཞུང་ལམ་གྱི“འགག་རྩའི”ལས་གྲྭ་ཞིག་རེད།
ཕུག་ལམ་བསྐྲུན་རྗེས་ཐེན་ཧྲན་རི་བོ་བརྒལ་བར་སྐར་མ་20ཙམ་ལས་འགོར་གྱི་མེད། ཝུའུ་ཝེ་མྱུར་བགྲོད་གཞུང་ལམ་སྔོན་དཔག་བྱས་ན་འདི་ལོ་ལམ་ཐིག་ཧྲིལ་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཝུའུ་ལུའུ་མུའུ་ཆི་ནས་ཁུར་ཨེར་ལེ་གྲོང་ཁྱེར་བར་རླངས་འཁོར་ལ་བསྡད་ན་དེ་སྔོན་ཆུ་ཚོད་7ཡས་མས་འགོར་བ་ནས་ད་ཆ་ཆུ་ཚོད་3ལྷག་ཙམ་ལས་འགོར་གྱི་མེད།
ཕུག་ལམ་སྐྲུན་སྐབས“གཏིང་ཟབ་ཤོས”གཉིས་འཕྲད་ཡོད་པ་སྟེ། ཕུག་ལམ་གྱི་གཏིང་སྦས་རིང་ཚད་སྨི་1200ཙམ་ཟིན་པ་དང་ཐད་ཁྲོན་གྱི་གཏིང་ཚད་རིང་ཤོས་སྨི་706ཟིན་གྱི་ཡོད་པ་དེ་རེད། བརྗིད་ཆེའི་ལས་གྲྭ་འདི་འདྲ་ཞིག་ལ་རྩེར་སོན་གྱི་རིགས་གཅིག་མཁས་ཅན་དགོས་པ་མ་ཟད། ད་དུང་ཆེས་སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས་ཀྱང་དགོས།
ཀྲུང་གོ་ནི་འཛམ་གླིང་ཐོག་ཕུག་ལམ་རིང་ཤོས་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་ཞིག་ཡིན་པ་དང་། རྒྱལ་ཡོངས་སུ་རིང་ཚད་སྤྱི་ལེ་10ལས་བརྒལ་བའི་ཕུག་ལམ་60ཙམ་ཡོད་པ་དང་། འགྲོ་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་བའི་འཆར་གཞིའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ཀྲུང་གོའི་ཕུག་ལམ་རིང་ཤོས་ཁག་གཅིག་ཤིན་ཅང་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
—— ཨུ་རུ་སུའི་svpressaགསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།